ཞི་ཅིན་ཕེན་གྱིས་ཙམ་པབ་ཝེའི་ཙུང་ཐུང་མུའུ་ཕེ་ཅི་དང་གྲོས་མོལ་མཛད།

ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧ་ལ་ལོས་ནས་ཙམ་པབ་ཝེའི་ཙུང་ཐུང་མུའུ་པེ་ཅིན་དང་གྲོས་མོལ་མཛད།

       རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཧ་ལ་ལོས་ནས་ཙམ་པབ་ཝེའི་ཙུང་ཐུང་མུའུ་པེ་ཅི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཙམ་པབ་ཝེ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་ལ་གདེང་འཇོག་གང་ལེགས་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོང་བའི་འཕེལ་རྒྱས་ལ་མཉམ་དུ་ཇུས་འགོད་བྱས་ནས། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་།

       ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཙམ་པབ་ཝེ་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་གྲོགས་པོ་བཟང་བོ་བྱེད་དགོས་ལ། འཕེལ་རྒྱས་ཁྲོད་ཀྱི་གྲོགས་པོ་བཟང་བོའང་བྱེད་དགོས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཙམ་པབ་ཝེ་གཉིས་ཀྱི་མཛའ་མཐུན་དེ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྒུལ་ཤུགས་སུ་བསྒྱུར་ནས། མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་དགོས་ཟེར།

       ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཕྱོགས་ཀྱི་སྲིད་ཇུས་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་ལྟ་བ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། ཙམ་པབ་ཝེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཙམ་པབ་ཝེ་རྒྱལ་ཁབ་གཉིས་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ། གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོར་བསྒྱུར་དགོས་ལ། ཀྲུང་གོ་ཕྱོགས་ཀྱིས་ཙམ་པབ་ཝེ་ཡིས་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱས་ནས། ཙམ་པབ་ཝེ་ཡིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

       མུའུ་པེ་ཅི་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་ཙམ་པབ་ཝེར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཀྲུང་གོ་ནི་ཙམ་པབ་ཝེའི་གྲོགས་པོ་བཟང་བོ་ཡིན། ཙམ་པབ་ཝེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཙམ་པབ་ཝེ་དང་བཅས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་གི་ལྟ་སྟངས་འཛིན་པར་གཟེངས་བསྟོད་བྱས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཙམ་པབ་ཝེ་ཕྱོགས་ལ་རོགས་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས། ཙམ་པབ་ཝེ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རོགས་སྐྱོར་བྱས་ནས། ཞིང་ལས་དང་བཟོ་ལས། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

       གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་ཆོད་འགོད་པ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ནུས། དངུལ་གཏོང་དངུལ་བསྡུ། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།