ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་ཁབ་ཚན་རྩལ་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་ཁབ་ཚན་རྩལ་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་ཁབ་ཚན་རྩལ་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

          ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་ཁབ་ཚན་རྩལ་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཚན་རྩལ་གསར་སྐྲུན་གྱི2030ལོའི་ལས་གཞི་གལ་ཆེན་ལ་ཞིབ་འཇུག་བྱས་པ་དང་། རྒྱལ་ཁབ་དུས་ཡུན་རིང་འབྲིང་གི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད་ཀྱི་དུས་འབྲིང་གི་བྱ་བའི་སྤྱི་བསྡོམས་དཔྱད་འཇོག་གནས་ཚུལ་གྱི་ཡར་ཞུ་ལ་ཉན་པར་མ་ཟད། ཕྱིན་ཆད་གྱི་ལོ་ལྔའི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་ལ་ཇུས་འགོད་བྱས།

          གྲོས་ཚོགས་སྟེང་། ཚན་རྩལ་པུའུ་དང་སློབ་གསོ་པུའུ་གཉིས་ཀྱིས་ཡར་ཞུ་ཕུལ་བ་དང་། རྒྱལ་ཁབ་ཚན་རྩལ་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིས་དེར་གྲོས་བསྡུར་བྱས། ལིས་ཁི་ཆང་གིས་གསུངས་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རང་རྒྱལ་གྱི་ཚན་རྩལ་ལས་དོན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ནུས་ཡོད་སྒོས་རྒྱབ་སྐྱོར་བྱས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཚན་རྩལ་སློབ་གསོ་འཕེལ་རྒྱས་སུ་གཏོང་དགོས་ན། ངེས་པར་དུ་ཚན་རྩལ་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད་གསར་སྐྲུན་དང་མཐུན་སྦྱོར། ལྷད་མེད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ཚན་རྩལ་སློབ་གསོའི་འཕེལ་རྒྱས་ཀྱི་སྐུལ་ཤུགས་གསར་བ་ཇེ་ཆེར་གཏོང་བ་དང་། འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བ། རྒྱལ་དམངས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་མཐོ་འབྲིང་ཕྱོགས་ནས་རིམ་པ་མཐོ་འབྲིང་གི་ཆུ་ཚད་ལ་བསླེབས་པར་བྱེད་དགོས་ཟེར།

          ལིས་ཁི་ཆང་གིས་རྒྱལ་ཁབ་ཚན་རྩལ་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་འཐབ་ཇུས་བཀོད་སྒྲིག་དང་སྲིད་ཇུས་འཆར་འགོད། ལས་གཞི་གལ་ཆེན་ལག་བསྟར་བྱེད་པ་བཅས་དམ་འཛིན་བྱས་ནས། ཚན་རྩལ་སློབ་གསོའི་སྟོབས་ཤུགས་ཆགས་པར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་འཆམ་མཐུན་ཡོང་བར་བྱས་ནས། རྒྱལ་ཁབ་ཀྱི་དེང་རབས་ཅན་ལས་དོན་ཁྲོད་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།