ཞི་ཅིན་ཕེན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྐོར་ཞུགས་པར་མ་ཟད་ཤིས་ཚུལ་ཕུལ།

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་སྟེང་ཤིས་ཚུལ་ཕུལ།

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་སྟེང་ཤིས་ཚུལ་ཕུལ།

           ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་ཚེས་བཞི་ཉིན་གྱི་སྔ་དྲོར་ཨ་ཧྥེ་རི་ཁ་ལྷོ་མ་ནས་ཚོགས་མགོ་བརྩམས་པ་དང་། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལྷོ་མས་གཙོ་བསྒྲུབས་བྱས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙོ་མ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མགོ་གཙོ་དང་སྲིད་གཞུང་གི་མགོ་གཙོ། འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙོ་མ་བཅས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། ཞི་ཅིན་ཕེན་གྱིས་ཤིས་ཚིག་ཕུལ་ཏེ། ཀྲུང་གོས་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་འདུ་ཤེས་ཁྱོན་ཡོངས་ནས་རྒྱས་བཤད་མཛད་པ་དང་། མ་འོངས་པའི་དུས་སྐབས་ཤིག་གི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་བྱེད་ཐབས་གཙོ་བོ་ཁྱབ་སྒྲོགས་བྱས་པར་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་བཏང་ནས་མཉམ་དུ་མཉམ་ལས་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་གསར་བར་སྐྱོད་དགོས་ཞེས་བསྟན།

           ཞི་ཅིན་ཕེན་གྱིས་ཤིས་ཚིག་ནང་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྣམ་པ་གསར་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་གཏོང་ངེས་ཡིན་པར་མ་ཟད་བྱ་བ་གཙོ་བོ་ལྔ་བཟང་བོར་བསྒྲུབ་དགོས་པའི་ཐུགས་རེ་བཏོན། གཅིག ཆབ་སྲིད་ཐད་ནས་འདྲ་མཉམ་ཡིད་ཆེས་རྒྱུན་འཁྱོངས་བྱེད་དགོས། གཉིས། དཔལ་འབྱོར་ཐད་ནས་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་དགོས། གསུམ། དཔལ་ཡོན་ཐད་ནས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། བཞི། བདེ་འཇགས་ཐད་ནས་ཕན་ཚུན་ལ་རོགས་རམ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ལྔ། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་མཐུན་སྒྲིལ་རོགས་ལས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་རེད།

           ཙུང་ཐུང་ཙོ་མ་དང་ཙུང་ཐུང་མུའུ་ཅ་པེ། ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙོ་མ་བཅས་ཀྱིས་ཤིས་ཚིག་ཕུལ། ཁོ་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་མཐུན་དང་མཉམ་ལས་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་ཞི་ཅིན་ཕེན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གལ་ཆེན་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ཐད་ནས་སྔར་ལས་འོད་སྟོང་འབར་བའི་མ་འོངས་གསར་སྐྲུན་བྱེད་འདོད་ཡོད་པའི་ཚུལ་བསྟན། 

 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།