ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་བསྡུས།

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་ཞེ་གསུམ་པ་བསྡུས་ནས། ལད་བཟོས་སྨན་རྫས་ཀྱི་རྒྱུ་སྤུས་གནད་དོན་དང་འཐབ་ཇུས་ཞེས་པར་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་ཞེ་གསུམ་པ་བསྡུས་ནས། ལད་བཟོས་སྨན་རྫས་ཀྱི་རྒྱུ་སྤུས་གནད་དོན་དང་འཐབ་ཇུས་ཞེས་པར་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

           རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་ཞེ་གསུམ་པ་བསྡུས་ནས། ལད་བཟོས་སྨན་རྫས་ཀྱི་རྒྱུ་སྤུས་གནད་དོན་དང་འཐབ་ཇུས་ཞེས་པར་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

           རྒྱལ་ཡོངས་སྲིད་ཀྱི་ཨུ་ཡོན་ཧི་ཝེ་དང་ཅང་ཙོ་ཅོན། ཚེ་ཝེ་བཅས་དང་ཆེད་མཁས་པ་རྣམས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།

            ཨུ་ཡོན་རྣམས་ཀྱིས་བལྟས་ན། ལད་བཟོས་སྨན་རྫས་ཀྱི་རྒྱུ་སྤུས་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་ནི་དོན་དག་གལ་ཆེན་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐད་དང་འབྲེལ་བ་དམ་པོ་ཡོད་པ་དང་། སྨན་རྫས་འགན་སྲུང་རྒྱུན་མཐུད་ཡོང་བར་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་རྒྱུ་སྤུས་བཟང་ཞིང་གོང་བདེ་བའི་ལད་བཟོས་སྨན་རྫས་བཀོལ་སྤྱོད་བྱེད་ཐུབ་མིན་པ་དང་འབྲེལ་བ་ཡོད་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྨན་རྫས་རྒྱུ་སྤུས་གནད་དོན་ལ་ཧ་ཅང་མཐོན་ཆེན་བྱེད་ཀྱིན་ཡོད། ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱིས་སྲིད་ཇུས་མཛུབ་སྟོན་དང་།ལྟ་སྐུལ་དོ་དམ་བྱེད་ཤུགས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། ལད་བཟོས་སྨན་རྫས་ཀྱི་རྒྱུ་སྤུས་དང་ཚད་གཞི་མཐོར་འདེགས་སུ་བཏང་བར་སྙམ།

           ཨུ་ཡོན་ཁ་ཤས་ཀྱིས་སྨན་རྫས་ཀྱི་ཞིབ་བཤེར་ཆོག་མཆན་ཀྱི་ཚད་གཞི་མཐོར་འདེགས་སུ་གཏོང་བ་དང་། ལད་བཟོས་སྨན་རྫས་ཀྱི་རྒྱུ་སྤུས་དང་ཚད་གཞི་མཐོར་འདེགས་སུ་གཏོང་བ། སྨན་ཁང་དོ་དམ་ཇེ་ལེགས་སུ་གཏོང་བ། ལད་བཟོས་སྨན་རྫས་གསར་སྐྲུན་བྱེད་པར་མཐོང་ཆེན་བྱེད་པ་སོགས་ཐད་ལ་གྲོས་གཞི་བཏོན།

          རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་དང་། བཟོ་ལས་ཆ་འཕྲིན་ཅན་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་བཅས་སྡེ་ཁག་གི་འགན་ཁུར་བས་བཞུགས་མོལ་ཚོགས་འདུའི་སྟེང་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད་ཨུ་ཡོན་རྣམས་དང་བརྗེ་རེས་བྱས། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།