ཞི་ཅིན་ཕེན་གྱིས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཁ་ཤས་ཀྱི་མགོ་ཁྲིད་པར་མཉམ་དུ་མཇལ་འཕྲད་གནང་།

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཡོ་ཧན་ནེ་སི་པའོ་ནས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་བཅུ་གསུམ་ལ་མཉམ་དུ་མཇལ་འཕྲད་གནང་།

           རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་དུས་ཚོད་ཚེས་བཞི་ཉིན་ཡོ་ཧན་ནེ་སི་པའོ་ནས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་བཅུ་གསུམ་ལ་མཉམ་དུ་མཇལ་འཕྲད་གནང་། མཇལ་འཕྲད་ལ་ཞུགས་པའི་མགོ་ཁྲིད་པ་རྣམས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་བར་གྱི་འབྲེལ་བའི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ལེགས་འགྲུབ་འབྱུང་བར་སྨོན་འདུན་ཞུས་པར་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་འབྲེལ་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་འཕེལ་རྒྱས་ཐད་ལ་བློ་འདོན་ཇུས་འབུལ་བྱས།

           ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ་དང་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་བེ་ཉི། ཁི་མོ་རོའི་ཙུང་ཐུང་དབྱི་ཅི་ལིས་ལུའུ། སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར། མོ་རི་ཐིའུ་སིའི་ཙུང་ཐུང་ཧྥ་ཅི་མུའུ། ཨེ་ཙི་ཨོ་ཕི་ཡའི་ཙུང་ལི་ཧེ་ཨར་མ་ལིས་ཡ་མུའུ། ལེ་སོ་ཐོའི་དབུ་བཞུགས་བློན་ཆེན་མོ་ཞི་ཞི་ལི། མོ་རོ་ཁོ་སྲིད་གཞུང་གི་གཙོ་འཛིན་པན་ཅི་ལན། རུ་ཝང་ཏའི་ཙུང་ལི་མུའུ་ལོས་ཁེ་ཆི་སོགས་མཇལ་འཕྲད་ལ་ཞུགས།

           ཞི་ཅིན་ཕེན་གྱིས་ཨ་ཧྥེ་རི་ཁ་གླིང་གི་མགོ་ཁྲིད་པ་རྣམས་ལ་ཀྲུང་གོའི་དཔལ་འབྱོར་གནས་བ་དང་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་གཏན་ལ་ཕབ་པའི་འཕེལ་རྒྱས་ཀྱི་དམིགས་འབེན་དང་འཕེལ་རྒྱས་ཀྱི་འདུ་ཤེས། འཕེལ་རྒྱས་ཀྱི་ཁ་ཕྱོགས་བཅས་མཚམས་སྦྱོར་མཛད་པར་མ་ཟད། ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ཐད་ལ་མུ་མཐུད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་དང་། ཨ་ཧྥེ་རི་ཁ་གླིང་ཀྲུང་གོའི་འཕེལ་རྒྱས་དང་བསྟུན་པར་དགའ་བསུ་ཞུས་པར་མ་ཟད། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

           མཇལ་འཕྲད་ལ་ཞུགས་པའི་ཨ་ཧྥེ་རི་ཁ་གླིང་གི་མགོ་ཁྲིད་པས་ཀྲུང་གོ་ནི་ཨ་ཧྥེ་རི་ཁ་གླིང་གི་རླབས་ཆེན་གྲོགས་པོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་ཧ་ཅང་མཐོང་ཆེན་བྱེད་པ་ནི་མི་རྣམས་ཀྱིས་ཡིད་སྨོན་བྱེད་བཞིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་འཁོར་བཅོ་ལྔ་ལོན་པའི་རིང་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཐུན་སྒྲིལ་རྒྱུན་ཆད་མེད་པར་ཇེ་དམ་དུ་སོང་བ་དང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་ཀྲུང་གོ་གཉིས་འཐབ་ཇུས་རང་བཞིན་གྱི་གྲོགས་པོར་གྱུར་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།