ཞི་ཅིན་ཕེན་གྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བཅུ་བདུན་གྱི་མགོ་ཁྲིད་པར་མཉམ་དུ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་ཚེས་ལྔ་ཉིན་ཡོ་ཧན་ནེ་སི་པའོ་ནས་ཡང་བསྐྱར་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བཅུ་བདུན་གྱི་མགོ་ཁྲིད་པར་མཉམ་དུ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་ཚེས་ལྔ་ཉིན་ཡོ་ཧན་ནེ་སི་པའོ་ནས་ཡང་བསྐྱར་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བཅུ་བདུན་གྱི་མགོ་ཁྲིད་པར་མཉམ་དུ་མཇལ་འཕྲད་གནང་།

 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་ལྔ་ཉིན་ཡོ་ཧན་ནེ་སི་པའོ་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བཅུ་བདུན་གྱི་མགོ་ཁྲིད་པར་མཉམ་དུ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་ལྔ་ཉིན་ཡོ་ཧན་ནེ་སི་པའོ་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བཅུ་བདུན་གྱི་མགོ་ཁྲིད་པར་མཉམ་དུ་མཇལ་འཕྲད་གནང་།

 

          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་ཚེས་ལྔ་ཉིན་ཡོ་ཧན་ནེ་སི་པའོ་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བཅུ་བདུན་གྱི་མགོ་ཁྲིད་པར་མཉམ་དུ་མཇལ་འཕྲད་གནང་།

          ཐིག་དམར་ཀུའི་ནི་ཡ་དང་། མོ་རི་ཐ་ནི་ཡ་དང་། སེ་ནེ་ཀལ། ནི་ཀྲེར། ཨར་ཅི་རི་ཡ། ཀི་ནི་ཡ། ལི་པེ་རི་ཡ། ཙན་པི་ཡ་སོགས་རྒྱལ་ཁབ་བཅུ་བདུན་གྱི་མགོ་ཁྲིད་པ་མཇལ་འཕྲད་ལ་ཞུགས།

          ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་འཕེལ་རྒྱས་མངོན་འགྱུར་བྱེད་པ་དེ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མཐུན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཨ་ཧྥེ་རི་ཁ་ཡུན་རིང་ཞི་བདེ་འབྱུང་བར་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥེ་རི་ཁ་རྒྱལ་ཁབ་རང་གིས་རང་ས་གནས་ཀྱི་གནད་དོན་ཐག་གཅོད་པར་རྒྱབ་སྐྱོར་བྱས་ནས། ཨ་ཧྥེ་རི་ཁའི་གནད་དོན་ཆབ་སྲིད་ཀྱིས་ཐག་གཅོད་པའི་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད་ཟེར། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་རྒྱལ་ཁབ་དང་མཉམ་དུ་ཞི་བདེ་བདེ་འཇགས་ནུས་པ་འཛུགས་སྐྲུན་དང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ང་ཚོས་ཨ་ཧྥེ་རི་ཁ་རྒྱུན་སྲིང་ངང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥེ་རི་ཁ་རྒྱལ་ཁབ་དང་མཉམ་དུ་བཅོས་སྒྱུར་སྒོ་འབྱེད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཉམས་མྱོང་ལོངས་སུ་སྤྱོད་འདོད་ཡོད་པ་མ་ཟད། སྔར་ལས་མང་བོའི་ཀྲུང་གོའི་ཁེ་ལས་པ་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཞུགས་པར་སྐུལ་མ་བཏང་ནས། ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

          ཞི་ཅིན་ཕེན་གྱིས་མཇལ་འཕྲད་དུ་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པར་ཀྲུང་གོའི་དཔལ་འབྱོར་གནས་བབ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་གཏན་ལ་ཕབ་པའི་འཕེལ་རྒྱས་དམིགས་འབེན་དང་འདུ་ཤེས་མཚམས་སྦྱོར་གནང་། ཁོང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་འཕེལ་རྒྱས་ལ་ཕན་ཚུན་དགོས་མཁོ་དང་། ཕན་ཚུན་གྱི་ཁྱད་སྟོབས་ལྡན་པས། ཐོབ་དཀའ་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ལྡན། ང་ཚོས་ཨ་ཧྥེ་རི་ཁ་རྒྱལ་ཁབ་དང་མཉམ་དུ་རེབ་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བཟང་བོ་བྱས་ཏེ། སྔར་ལས་བཟང་བོའི་སྒོ་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

          མཇལ་འཕྲད་ལ་ཞུགས་པའི་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཞུས་པ་དང་། ཨ་ཧྥེ་རི་ཁས་ཀྲུང་གོ་ནམ་ཡིན་ཡང་གྲོགས་པོ་བཟང་བོ་ཞིག་ཏུ་བརྩིས་ནས། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ལེན་འདོད་ཡོད་པ་མ་ཟད། ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་དུ་བཟོ་ལས་ཅན་དང་། ཞིང་ལས་དེང་རབས་ཅན། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན།  ས་ཁུལ་གཞི་གཅིག་ཅན། སློབ་གསོ་དང་། མི་གཞུང་བརྗེ་རེས། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།