ཞི་ཅིན་ཕེན་དང་ཙོ་མ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕེན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕེན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

         

          ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཚེས་ལྔ་ཉིན་ཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙོ་མ་རྣམ་གཉིས་ཀྱིས་མཉམ་དུ་མགོ་འཛིན་མཛད། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་ཀྱི་བསྒྲགས་གཏམ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོའི་ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་འགུལ་སྐྱོད་འཆར་གཞི་ལ་གྲོས་འཆམ་བྱུང་བར་མ་ཟད་སྤྱི་སྡོམ་གསུང་བཤད་གནང་།

          ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་ཚོས་ཡོ་ཧན་ནེ་སི་པོ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཉམ་དུ་འབད་བརྩོན་བྱས་ཏེ་མཉམ་ལས་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམིགས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་མངའ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་ལ་ཁྱོན་ཡོངས་ནས་འཆར་འགོད་བྱས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་གོ་གནས་གསར་བ་གཏན་ཁེལ་བྱས་པར་མ་ཟད། ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་བྱས་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་བ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་གསར་བ་བསྣན་པ་དང་། ཁྱབ་ཁོངས་དང་མངའ་ཁོངས་སྔར་ལས་ཆེ་ཞིང་རིམ་པ་སྔར་ལས་མང་པོའི་གཉིས་ཕན་མཉམ་ལས་ཐད་ལ་སྟོབས་ལྡན་སྣེ་ཁྲིད་དང་ཆབ་སྲིད་འགན་སྲུང་འདོན་སྤྲོད་བྱས་པ་ཡིན་ཟེར།

          ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་གཏོང་བར་མཐའ་གཅིག་ཏུ་འཐད་པ་བྱུང་བ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་ཀྱི་བསྒྲགས་གཏམ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོའི་ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་འགུལ་སྐྱོད་འཆར་གཞི་ལ་གྲོས་འཆམ་བྱུང་བར་མ་ཟད། ཆབ་སྲིད་ཐད་ནས་འདྲ་མཉམ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཔལ་འབྱོར་ཐད་ནས་མཉམ་ལས་མཉམ་རྒྱལ་བྱེད་པ། དཔལ་ཡོན་ཐད་ནས་བརྗེ་རེས་དང་དཔྱད་གཞིར་འཛིན་པ། བདེ་འཇགས་ཐད་ནས་ཕན་ཚུན་ལ་རོགས་སྐྱོར་བྱེད་པ། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་མཐུན་སྒྲིལ་རོགས་ལས་བྱེད་པ་བཅས་བྱ་བ་གཙོ་བོ་ལྔ་བཟང་བོར་བསྒྲུབ་རྒྱུའི་ཆོད་སེམས་བཅངས། ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་མ་འོངས་པར་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་དང་ལས་འགན་གཏན་འཁེལ་བྱས་པ་དང་མཉམ་ལས་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པའི་བྱེད་ཐབས་གཙོ་བོ་བཏོན་ཟེར།

          ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙོ་མས་གྲོས་ཚོགས་གྲོལ་བའི་ཤིས་ཚིག་འབུལ་སྐབས་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་གྲོས་ཚོགས་བདེ་བླག་ངང་ཚོགས་པར་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཆེ་ཞུས་པ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚང་མ་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་དེ་ལས་གནས་བབ་གསར་བའི་འོག་ཏུ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་མཚོན་ཡོད་ལ། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་བ་དེས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན་ཞེས་བསྟན།

          ཉིན་དེའི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཡོ་ཧན་ནེ་སི་པོ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་མཉམ་དུ་ཨེ་ཙི་ནད་མེད་པའི་མ་འོངས་པར་སྐྱོད་པ་ཅེས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཨེ་ཙི་ནད་འགོག་བཅོས་ཚོད་འཛིན་གྲོས་མགོ་འདོན་པའི་བྱ་འགུལ་ལ་ཞུགས་པ་དང་། ཨ་ཧྥེ་རི་ཁ་ལྷོ་མ་སོགས་རྒྱལ་ཁབ་བཅུའི་མགོ་གཙོ་དང་ལྕམ་མོས་མཉམ་དུ་ཨེ་ཙི་ནད་མེད་པའི་མ་འོངས་པར་སྐྱོད་པ་ཅེས་པའི་མཉམ་འབྲེལ་གྲོས་མགོ་བཏོན་པར་མ་ཟད་ཤིས་ཚིག་ཕུལ།

          ཀྲུང་གོ་དང་ཨ་ཧྥེ་རི་ཁ་མཉམ་དུ་ཨེ་ཙི་ནད་མེད་པའི་མ་འོངས་པར་སྐྱོད་པ་ཅེས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཨེ་ཙི་ནད་འགོག་བཅོས་ཚོད་འཛིན་གྲོས་མགོ་བཏོན་པའི་བྱ་འགུལ་དེ་ཀྲུང་གོ་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང་ཨ་ཧྥེ་རི་ཁའི་ལྕམ་མོ་དང་པོའི་ཨེ་ཙི་ནད་འགོག་བཅོས་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་དུ་གཙོ་བསྒྲུབས་བྱས་པ་རེད། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།