ཞི་ཅིན་ཕེན་འཛམ་གླིང་དྲ་འབྲེལ་ཚོགས་ཆེན་སྐབས་གཉིས་པ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

འཛམ་གླིང་དྲ་འབྲེལ་ཚོགས་ཆེན་སྐབས་གཉིས་པ་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་ཀྲེ་ཅང་ཞིང་ཆེན་གྱི་ཝུའུ་ཀྲིན་གྲོང་རྡལ་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

འཛམ་གླིང་དྲ་འབྲེལ་ཚོགས་ཆེན་སྐབས་གཉིས་པ་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་ཀྲེ་ཅང་ཞིང་ཆེན་གྱི་ཝུའུ་ཀྲིན་གྲོང་རྡལ་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

 

          འཛམ་གླིང་དྲ་འབྲེལ་ཚོགས་ཆེན་སྐབས་གཉིས་པ་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་ཀྲེ་ཅང་ཞིང་ཆེན་གྱི་ཝུའུ་ཀྲིན་གྲོང་རྡལ་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་དྲ་འབྲེལ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞི་ཡིན་པས། རྒྱལ་ཁབ་སོ་སོས་མཉམ་དུ་དྲ་བའི་བར་སྟོང་གི་ལས་དབང་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས་པ་དང་། དྲ་བའི་བར་སྟོང་ཕན་ཚུན་སྦྲེལ་བ་དང་མཉམ་སྤྱོད་མཉམ་སྐྱོང་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་འཕེལ་རྒྱས་ལ་སྔར་ལས་མཛེས་པའི་མ་འོངས་པ་གསར་གཏོད་བྱེད་དགོས་ཞེས་ནན་གྱིས་བསྟན།

          ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དྲ་འབྲེལ་འཐུས་ཚབ་ཡིན་པའི་ཆ་འཕྲིན་ལག་རྩལ་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དེས་སྤྱི་ཚོགས་ཐོན་སྐྱེད་ཀྱི་སྒྱུར་བཅོས་གསར་བར་སྣེ་ཁྲིད་བྱས་ཤིང་། མིའི་རིགས་ཀྱི་འཚོ་བའི་བར་སྟོང་གསར་སྐྲུན་བྱས་པ་དང་རྒྱལ་ཁབ་བཅོས་སྐྱོང་གི་མངའ་ཁོངས་གསར་བ་རྒྱ་སྐྱེད་པར་མ་ཟད་མིའི་རིགས་ཀྱིས་འཛམ་གླིང་ལ་ངོས་འཛིན་བྱེད་པ་དང་འཛམ་གླིང་བསྒྱུར་བཀོད་བྱེད་པའི་ནུས་པ་ཇེ་ཆེར་བཏང་། ཀྲུང་གོ་ནི་ཆ་འཕྲིན་ཅན་མྱུར་དུ་འཕེལ་རྒྱས་སུ་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་གནས་ཡོད་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཀྲུང་གོས་ཤུགས་ཆེན་པོས་དྲ་བར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། དྲ་འབྲེལ་འཕེལ་རྒྱས་གྲུབ་འབྲས་དེ་ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་ལ་ལོངས་སུ་སྤྱོད་དུ་འཇུག་པ་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་ངེས་ཡིན་ཟེར།

          ཞི་ཅིན་ཕེན་གྱིས་དྲ་བའི་བར་སྟོང་ནི་མིའི་རིགས་ཀྱི་ཐུན་མོང་གི་བྱ་འགུལ་བར་སྟོང་ཡིན་པ་དང་། དྲ་བའི་བར་སྟོང་གི་མདུན་ལམ་ལས་དབང་དེ་འཛམ་གླིང་གི་རྒྱལ་ཁབ་སོ་སོས་མཉམ་དུ་ཚོད་འཛིན་བྱེད་དགོས། རྒྱལ་ཁབ་སོ་སོས་འབྲེལ་འདྲིས་ལ་ཤུགས་སྣོན་དང་ཐུན་མོང་གི་ལྟ་ཚུལ་རྒྱ་བསྐྱེད་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་དྲ་བའི་བར་སྟོང་གི་ལས་དབང་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན། ཞི་ཅིན་ཕེན་གྱིས་དེའི་ཐད་ལ་འདོད་ཚུལ་ལྔ་བཏོན། གཅིག འཛམ་གླིང་ཡོངས་ཀྱི་དྲ་བའི་རྨང་གཞིའི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་དྲ་འབྲེལ་ལ་སྐུལ་འདེད་བཏང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མི་དམངས་སྔར་ལས་མང་པོ་ཞིག་ལ་དྲ་འབྲེལ་གྱིས་སྐྲུན་པའི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད་དུ་འཇུག་དགོས། གཉིས། དྲ་ཐོག་ནས་རིག་གནས་བརྗེ་རེས་བྱེད་པའི་མཉམ་སྤྱོད་སྟེགས་བུ་གསར་སྐྲུན་བྱེད་དགོས། གསུམ། དྲ་བའི་དཔལ་འབྱོར་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་དགོས། བཞི། དྲ་བའི་བདེ་འཇགས་འགན་སྲུང་བྱས་ནས་གོ་རིམ་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྔ། དྲ་འབྲེལ་བཅོས་སྐྱོང་མ་ལག་གསར་སྐྲུན་བྱེད་དགོས་པ་བཅས་རེད།

          ལིག་ཡུན་ཧྲན་གྱིས་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་མཛད་སྐབས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེ་ལས་ཀྲུང་གོ་སྲིད་གཞུང་གིས་ཐེངས་འདིའི་ཚོགས་ཆེན་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་མཚོན་ཡོད། དྲ་བའི་བར་སྟོང་གི་ལས་དབང་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པས། མགྲོན་པོ་རྣམས་ཀྱིས་བགྲོ་གླེང་ཟབ་མོ་བྱེད་པ་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་པ། ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱས་ཏེ། ཞི་བདེ་དང་བདེ་འཇགས། སྒོ་འབྱེད། མཉམ་ལས་བཅས་ཀྱི་དྲ་བའི་བར་སྟོང་མཉམ་འཛུགས་བྱེད་པ་དང་། ཕྱོགས་མང་ཞིང་དམངས་གཙོ། མངོན་གསལ་བཅས་ཀྱི་འཛམ་གླིང་ཡོངས་ཀྱི་དྲ་འབྲེལ་བཅོས་སྐྱོང་མ་ལག་འཛུགས་པའི་ཐད་ལ་བློ་གྲོས་དང་སྟོབས་ཤུགས་འདོན་དགོས་ཟེར། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།