ཞི་ཅིན་ཕེན་གྱིས་པེ་ཅིན་ལ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་དབྱིན་ཐེ་ནས་པེ་ཅིན་ལ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་དབྱིན་ཐེ་ནས་པེ་ཅིན་ལ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།

          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་དབྱིན་ཐེ་ནས་པེ་ཅིན་ལ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་སྟེ་ཁོས་ཞང་ཀང་གི་དེང་སྐབས་གནས་བབ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད་ཞང་ཀང་གི་སྡོད་དམངས་ཡོངས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས།

          ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོར་སྲིད་འཛིན་དཔོན་པོ་ལེང་ཀྲིན་དབྱིན་གྱིས་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་ཁྲིད་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཁྲིམས་ལྟར་ཞང་ཀང་གི་ཆབ་སྲིད་ལམ་ལུགས་འཕེལ་རྒྱས་དང་དཔལ་འབྱོར་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་བཅས་ཀྱི་ཐད་ལ་འབད་བརྩོན་ལྷོད་མེད་བྱས་ནས་མངའ་ཁོངས་གང་མང་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཞང་ཀང་གི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་འཇགས་ཡོང་བ་སྲུང་འཛིན་བྱས། ཀྲུང་དབྱང་གིས་ཁྱེད་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བར་ཁས་ལེན་བྱས་པ་ཡིན་ཟེར།

          ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་འཕེལ་རྒྱས་བརྩོན་པ་དང་བརྟན་འཇགས་སྲུང་འཛིན། འཆམ་མཐུན་ལ་སྐུལ་འདེད་གཏོང་བ་ནི་ཞང་ཀང་གི་རྒྱ་ཆེའི་སྡོད་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ལས་འགན་གཙོ་བོ་ཡང་ཡིན། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་མཐུན་སྒྲིལ་དམ་པོ་བྱས་ཏེ། ཞང་ཀང་གི་སྤྱི་ཚོགས་དང་ཆབ་སྲིད་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་སླེབས་པའི་གོ་སྐབས་དམ་འཛིན་བྱས་ནས། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་བཅོས་བྱེད་དགོས་ལ། ཧུར་ཐག་སྒོས་ཡུན་རིང་འཕེལ་རྒྱས་ལ་ཇུས་འགོད་བྱས་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་གྲུབ་འབྲས་ལག་ལེན་དང་ཞང་ཀང་ཡུན་རིང་དར་རྒྱས་གོང་འཕེལ་དུ་འགྲོ་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར། 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།