ལིས་ཁི་ཆང་གིས་རྒྱལ་ཡོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་རྒྱལ་ཡོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་རྒྱལ་ཡོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

          ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་རྒྱལ་ཡོངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་མཇལ་འཕྲད་ལ་ཞུགས།

          ལིས་ཁི་ཆང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་རྒྱལ་ཡོངས་སྲིད་གཞུང་ཁོངས་གཏོགས་གཞུང་སྒྲུབ་ཐིན་གྱི་བློ་མཐུན་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས་པ་དང་། ཚང་མས་སྲིད་གཞུང་བྱ་བ་རྒྱུན་ལྡན་དང་ཕན་འབྲས་མཐོ་བའི་སྒོ་ནས་འཁོར་སྐྱོད་བྱེད་པར་འགན་སྲུང་བྱས་པ་དང་ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་དང་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་པར་བྱས་རྗེས་ཆེན་པོ་བཞག་པར་བཀའ་དྲིན་ཆེ་ཞུས། ཁོང་གིས་གསུངས་རྒྱུར། ལོ་གསར་བའི་ནང་དུ་བཅོས་སྒྱུར་འཕེལ་རྒྱས་ལས་འགན་ལྗིད་ཅིང་ཧ་ཅང་དཀའ་ཚེགས་ཆེ་བས། ངེས་པར་དུ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ཁག་ཁྱད་སེལ་བྱས་ཏེ། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བྱ་བ་སྣ་ཚོགས་ཀྱི་ཁྲོད་དུ་དངོས་འབེབས་བྱེད་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་དེའི་ཕྱོགས་སུ་དཔེ་སྟོན་གྱི་ནུས་པ་བཏོན་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལ་དམིགས་ནས། འཕེལ་རྒྱས་དེ་ལས་འགན་དང་པོ་ཡིན་པ་དམ་འཛིན་བྱས་ཏེ་ལྷོད་གཡེང་དུ་མི་གཏོང་བ་དང་། དཔལ་འབྱོར་འཁོར་རྒྱུག་དེ་འོས་འཚམ་གྱི་བར་སྟོང་དུ་སྲུང་འཛིན་བྱེད་དགོས་ལ། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་གསོ་སྐྱོང་དང་སྲོལ་རྒྱུན་སྒུལ་ནུས་སྒྱུར་བཀོད་དང་ཇེ་ཆེར་བཏང་ནས། དམངས་ཚིས་རྒྱུན་མཐུད་སྒོས་ལེགས་བཅོས་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་མགོ་བཟང་བོ་ཞིག་ཚུགས་པ་མངོན་འགྱུར་བྱེད་དགོས་ཟེར།

          ལིས་ཁི་ཆང་གིས་གཞུང་སྒྲུབ་ཐིན་ཁོངས་གཏོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་རེ་བ་གསུམ་བཏོན། གཅིག སྲིད་གཞུང་བྱ་བའི་ཇུས་འདོན་ལས་རོགས་པ་བཟང་བོ་བྱེད་དགོས། གཉིས། སྲིད་གཞུང་བྱ་བའི་ཞབས་ཕྱི་པ་བཟང་བོ་བྱེད་དགོས། གསུམ། སྲིད་གཞུང་བྱ་བའི་ཕན་འབྲས་མཐོ་བའི་ལྟ་རྟོག་དོན་སྒྲུབ་པ་བཟང་བོ་བྱེད་དགོས་པ་བཅས་རེད།

          ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱ་ཆེའི་གཞུང་སྒྲུབ་ཐིན་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ལ་རིམ་པ་སོ་སོའི་སྲིད་གཞུང་དང་ལས་ཁུངས་ཀྱིས་བསམ་བློ་དང་ཆབ་སྲིད་ཐད་ནས་སེམས་ཁུར་བྱེད་དགོས་པ་དང་། བྱ་བ་དང་འཚོ་བའི་ཐད་ནས་དོན་དངོས་ཀྱི་དཀའ་ཁག་སེལ་རོགས་བྱེད་དགོས་པར་མ་ཟད་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཚང་མར་ལས་སྒྲུབ་ལས་སྤེལ་གྱི་ཁོར་ཡུག་བཟང་བོ་ཞིག་སྐྲུན་དགོས་ཟེར། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།