རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ང་དགུ་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ང་དགུ་བ་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ང་དགུ་བ་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

 

          གྲོས་ཚོགས་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཆའོ་ཞོ་དབྱང་གིས་ཕུལ་བའི་འཇིགས་སྐུལ་རིང་ལུགས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གསུམ་བྱེད་པའི་བཟོ་བཅོས་འཆར་ཟིན་སྐོར་གྱི་ཡར་ཞུ་དང་། ཁྱིམ་ཚང་གི་དྲག་སྤྱོད་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་བྱེད་པའི་མ་ཡིག་བཟོ་བཅོས་འཆར་ཟིན་སྐོར་གྱི་ཡར་ཞུ། རྒྱལ་ཁབ་ཀྱི་རྟགས་མ་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་བྱེད་པའི་བཟོ་བཅོས་མ་ཡིག་བསམ་འཆར་སྐོར་གྱི་ཡར་ཞུ། སློབ་གསོའི་བཅའ་ཁྲིམས་དང་མཐོ་རིམ་སློབ་གསོའི་བཅའ་ཁྲིམས། དམངས་སྒྲུབ་སློབ་གསོའི་ཡར་སྐུལ་བཅའ་ཁྲིམས་སོགས་ཀྱི་ཇུས་ཆོད་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་ཡར་ཞུ། སྙིང་རྗེ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་བྱེད་པའི་མ་ཡིག་བསམ་འཆར་སྐོར་གྱི་སྙན་ཞུ། མི་གྲངས་དང་འཆར་ལྡན་བུ་སྐྱེ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་གནང་ནས་པེ་ཅིན་གྲོང་ཁྱེར་ཞིན་ཆུའུ་སོགས་ཚོད་ལྟའི་རྫོང་ཉིས་བརྒྱ་དང་སོ་གཉིས་དང་། ཐེན་ཅིན་གྲོང་ཁྱེར་ཅི་རྫོང་སོགས་ཚོད་ལྟའི་རྫོང་ང་དགུའི་སྲིད་འཛིན་ཁུལ་ཁོངས་ནས་སོ་སོར་གནས་སྐབས་སུ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལེགས་སྒྲིག་ལག་བསྟར་བྱེད་པའི་ཇུས་ཆོད་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་གནང་ནས་མ་རྐང་འགྲེམ་སྤེལ་ཐོ་འགོད་ལམ་ལུགས་བཅོས་སྒྱུར་བྱེད་པའི་ཁྲོད་དངུལ་འཛིན་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་ལེགས་སྒྲིག་བཀོལ་སྤྱོད་བྱེད་པའི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ། རྒྱལ་ཁབ་ཀྱིས་དབང་གནང་ནས་མུ་མཐུད་དུ་ཀོང་ཏུང་ཞིང་ཆེན་ནས་གནས་སྐབས་སུ་བཅའ་ཁྲིམས་ཆོད་དོན་ཁ་ཤས་ལེགས་སྒྲིག་བྱེད་པའི་སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་པའི་ཇུས་ཆོད་འཆར་ཟིན་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན།

         གྲོས་ཚོགས་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཧྥུའུ་དབྱིན་གྱིས་ཕུལ་བའི་ཀྲུང་གོ་དང་དབྱི་ལིང་གཉིས་ཀྱིས་ཁྲིམས་ཐག་གཅོད་པའི་མི་སྣ་གནས་སྤོར་དོ་དམ་སྐོར་གྱི་ཆིངས་ཡིག་དང་། ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་མཛའ་མཐུན་མཉམ་ལས་ཆིངས་ཡིག་ལ་གྲོས་ཞིབ་བྱེད་པའི་གནས་ཚུལ་དང་གྲོས་ཆོད་འཆར་ཟིན་མ་ཡིག་སྐོར་གྱི་སྙན་ཞུར་ཉན།

         གྲོས་ཚོགས་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཝང་ཁྲིན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་ཆོད་འཆར་ཟིན་གྲོས་ཞིབ་བྱེད་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་། བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། སློབ་གསོ་དང་ཚན་རིག རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱིར་སྡོད་རང་མི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བཏོན་པའི་འཐུས་མིའི་གྲོས་གཞིའི་མཇུག་འབྲས་སྙན་ཞུར་གྲོས་ཞིབ་བྱེད་པའི་གནས་ཚུལ་སྐོར་གྱི་ཡར་ཞུ། འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྙན་ཞུ་དང་བསྐོ་འཇོག་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན། 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།