རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་པེ་ཅིན་ནས་གྲོལ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་གྲོལ་བའི་ཚོགས་འདུར་མགོ་འཛིན་མཛད། ཚོགས་ཐོགས་ནས་བརྡས་ཐག་གཅོད་པའི་ལས་དོན་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས་ཀྲང་ཏི་ཅང་གིས་གསུང་བཤད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་གྲོལ་བའི་ཚོགས་འདུར་མགོ་འཛིན་མཛད། ཚོགས་ཐོགས་ནས་བརྡས་ཐག་གཅོད་པའི་ལས་དོན་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས་ཀྲང་ཏི་ཅང་གིས་གསུང་བཤད་གནང་།

           ཀྲང་ཏི་ཅང་གིས་གསུངས་རྒྱུར། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་གཏན་འཁེལ་བྱེད་པ་ནི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལམ་ལུགས་མ་ལག་འཛུགས་པའི་ནང་དོན་གལ་ཆེན་ཡིན། བཅའ་ཁྲིམས་དེ་ལས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་བའི་གཞི་རྩའི་རྩ་དོན་གཏན་ལ་ཕབ་པ་དང་འབྲེལ་ཡོད་སྒྲིག་སྲོལ་ནང་རྐྱེན་ཆ་ཚང་དུ་བཏང་ཞིང་བདེ་འཇགས་འགོག་སྲུང་དང་འཕྲལ་སྒྲུབ་ཐག་གཅོད། རྒྱལ་སྤྱིའི་མཉམ་ལས། བཅའ་ཁྲིམས་ཆད་གཅོད་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་བའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་བ་དང་འཇིགས་སྐུལ་བྱ་འགུལ་ལ་དོགས་ཟོན་དང་ཆད་གཅོད་བཅོས་སྐྱོང་བྱེད་པར་ནུས་པ་ལྡན་པའི་བཅའ་ཁྲིམས་འགན་སྲུང་འདོན་སྤྲོད་བྱས། རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལག་བསྟར་ནན་མོ་བྱེད་པ་དང་དྲིལ་སྒྲོག་དང་གླེང་ཕྱོགས་མཛུབ་སྟོན་ལ་ཤུགས་སྣོན་པ་དང་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་བློ་ཐག་རྦད་ཆོད་སྒོས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

          ཐེངས་འདིའི་གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་བྱ་བ་སྣ་ཚོགས་ཀྱི་སྙན་ཞུ་ལ་ཉན། ཀྲང་ཏི་ཅང་གིས་གསུངས་རྒྱུར། སྨན་བཅོས་བཅོས་སྒྱུར་ནི་ཡུང་རིང་ཞིང་དཀའ་ཚེགས་ཆེ་བ་དང་རྙོག་འཛིང་ཆེ་བའི་བཟོ་སྐྲུན་ཞིག་ཡིན་པས། ངེས་པར་དུ་མཁྲེགས་གཏོར་དཀའ་སེལ་ཡིད་ཆེས་ཇེ་བརྟན་དང་སྤོབས་པ་ཇེ་ཆེར་གཏོང་དགོས་པ་དང་། ཀྲུང་གོའི་དོན་དངོས་ལ་རྐང་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ་གཅིག་གྱུར་སྒོས་འཆར་འགོད་དང་བཀོད་སྒྲིག་བྱེད་པ་དང་གནད་ཆེ་ས་འབུར་དུ་ཐོན་པར་བྱས་ནས་རྒྱུན་མཐུད་སྒོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་ཡོད་ཕྱོགས་སོ་སོས་བཅོས་སྒྱུར་གྱི་རེ་བ་དང་བཅའ་ཁྲིམས་ཀྱི་གཏན་འཁེལ་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ནས། རྩིས་ཞིབ་ཁྲོད་དུ་རྩད་ཆོད་པའི་གནད་དོན་ལ་དག་ཐེར་དང་བཅོས་སྒྱུར་བྱེད་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཟེར།

          ཀྲང་ཏི་ཅང་གིས་ད་དུང་མི་རིགས་ཁུལ་ཁོངས་རང་སྐྱོང་བཅའ་ཁྲིམས་དང་ལོ་ལོན་གྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་དངོས་འབེབས་དང་ལག་བསྟར་ཞིབ་བཤེར་སྙན་ཞུ་དང་འཐུས་མིའི་གྲོས་གཞི་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ། འཐུས་མིའི་གྲོས་གཞི་བསྒྲུབས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་སོགས་ཀྱི་ཐད་ལ་རེ་བ་བཏོན། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།