ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་མགོ་ཁྲིད་ལས་ཁུངས་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མེ་ཤུགས་འཕུར་མདའི་དམག་དཔུང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཐབ་ཇུས་རོགས་སྐྱོར་དམག་དཔུང་འཛུགས་པའི་ཚོགས་ཆེན་པེ་ཅིན་ནས་བསྡུས།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་མགོ་ཁྲིད་ལས་ཁུངས་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མེ་ཤུགས་འཕུར་མདའི་དམག་དཔུང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཐབ་ཇུས་རོགས་སྐྱོར་དམག་དཔུང་འཛུགས་པའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས་པ་དང་ཞི་ཅིན་ཕེན་གྱིས་སྐམ་དམག་དང་མེ་ཤུགས་འཕུར་མདའི་དམག་དཔུང་། འཐབ་ཇུས་རོགས་སྐྱོར་དམག་དཔུང་བཅས་ལ་དམག་དར་གནང་བར་མ་ཟད་བསླབ་བྱའི་གསུང་བཤད་གནང་།

 

སྐམ་དམག་མགོ་ཁྲིད་ལས་ཁུངས་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མེ་ཤུགས་འཕུར་མདའི་དམག་དཔུང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཐབ་ཇུས་རོགས་སྐྱོར་དམག་དཔུང་འཛུགས་པའི་ཚོགས་ཆེན་པེ་ཅིན་ནས་བསྡུས།

 

སྐམ་དམག་མགོ་ཁྲིད་ལས་ཁུངས་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མེ་ཤུགས་འཕུར་མདའི་དམག་དཔུང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཐབ་ཇུས་རོགས་སྐྱོར་དམག་དཔུང་འཛུགས་པའི་ཚོགས་ཆེན་པེ་ཅིན་ནས་བསྡུས།

 

སྐམ་དམག་མགོ་ཁྲིད་ལས་ཁུངས་དང་མེ་ཤུགས་འཕུར་མདའི་དམག་དཔུང་འཐབ་ཇུས་རོགས་སྐྱོར་དམག་དཔུང་བཅས་དབུ་བརྙེས་པའི་ཚོགས་ཆེན་པེ་ཅིན་དུ་བསྡུས།

 

སྐམ་དམག་མགོ་ཁྲིད་ལས་ཁུངས་དང་མེ་ཤུགས་འཕུར་མདའི་དམག་དཔུང་འཐབ་ཇུས་རོགས་སྐྱོར་དམག་དཔུང་བཅས་དབུ་བརྙེས་པའི་ཚོགས་ཆེན་པེ་ཅིན་དུ་བསྡུས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་མགོ་ཁྲིད་ལས་ཁུངས་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མེ་ཤུགས་འཕུར་མདའི་དམག་དཔུང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཐབ་ཇུས་རོགས་སྐྱོར་དམག་དཔུང་འཛུགས་པའི་ཚོགས་ཆེན་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བརྒྱད་གཅིག་ཐོག་ཁང་ཆེན་མོ་ནས་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྐམ་དམག་དང་མེ་ཤུགས་འཕུར་མདའི་དམག་དཔུང་། འཐབ་ཇུས་རོགས་སྐྱོར་དམག་དཔུང་བཅས་ལ་དམག་དར་གནང་བར་མ་ཟད་བསླབ་བྱའི་གསུང་བཤད་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་བློ་མཐུན་རྣམས་དང་དམག་དཔུང་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་གྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གནས་བབ་གསར་བའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་ནན་མོ་བྱས་ཏེ། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བགྲོད་ལམ་དུ་སྐྱོད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་འབོད་སྐུལ་དང་ལེན་བྱེད་པ་དང་ཏང་དང་མི་དམངས་ཀྱིས་གནང་བའི་བླ་མེད་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། ཀྲུང་གོའི་ཕུགས་འདུན་གྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་ཚོགས་ཆེན་དངོས་སུ་མགོ་བརྩམས་རྗེས། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྐམ་དམག་གི་དམག་སྤྱི་ཆེན་མོ་ལིས་ཙོ་ཁྲིན་དང་ཆབ་སྲིད་ཨུ་ཡོན་ལིག་ལོས། མེ་ཤུགས་འཕུར་མདའི་དམག་དཔུང་གི་དམག་སྤྱི་ཆེན་མོ་ཝེ་ཧྥུན་དང་ཆབ་སྲིད་ཨུ་ཡོན་ཝང་ཅ་ཧྲིན། འཐབ་ཇུས་རོགས་སྐྱོར་དམག་དཔུང་གི་དམག་སྤྱི་ཆེན་མོ་ཀོ་ཅིན་དང་ཆབ་སྲིད་ཨུ་ཡོན་ལིག་ཧྥུའུ་ལིན་བཅས་ལ་དམག་དར་གནང་བ་དང་། སྐམ་དམག་དང་མེ་ཤུགས་འཕུར་མདའི་དམག་དཔུང་། འཐབ་ཇུས་རོགས་སྐྱོར་དམག་དཔུང་བཅས་ཀྱི་མགོ་ཁྲིད་པ་གཙོ་བོས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་གུས་འདུད་ཞུས་པ་དང་མཉམ་དུ་ཞི་ཅིན་ཕེན་གྱི་ལག་ཏུ་དམག་དར་བླངས་ཤིང་། ཚོགས་ར་ཡོངས་ཀྱི་དཔོན་དམག་རྣམས་ཀྱིས་དམག་དར་ལ་གུས་འདུད་ཞུས།

དམག་དར་གནང་བའི་མཛད་སྒོའི་རྗེས་སུ་ཞི་ཅིན་ཕེན་གྱིས་བསླབ་བྱའི་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། སྐམ་དམག་མགོ་ཁྲིད་ལས་ཁུངས་དང་མེ་ཤུགས་འཕུར་མདའི་དམག་དཔུང་། འཐབ་ཇུས་རོགས་སྐྱོར་དམག་དཔུང་བཙུགས་པ་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཕུགས་འདུན་གྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་གསར་སྐྲུན་བྱེད་པའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན་པས། རང་རེའི་དམག་དཔུང་གི་དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་ཚད་རྡོ་རིང་ཞིག་ཏུ་ཅིས་ཀྱང་འགྱུར་ངེས་ཡིན་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཁྱོད་ཚོས་ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་གྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གནས་བབ་གསར་བའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་ནན་མོ་བྱས་ཏེ། བཅོས་སྒྱུར་ལ་བརྟེན་ལ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བགྲོད་ལམ་དུ་སྐྱོད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་འབོད་སྐུལ་དང་ལེན་བྱེད་པ་དང་ཏང་དང་མི་དམངས་ཀྱིས་གནང་བའི་བླ་མེད་འགན་འཁྲི་ལག་བསྟར་བཟང་བོ་བྱས་ནས། ཀྲུང་གོའི་ཕུགས་འདུན་གྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ལིག་ལོས་དང་ཝང་ཅ་ཧྲིན། ལིག་ཧྥུའུ་ལིན་བཅས་ཀྱིས་སྐམ་དམག་དང་མེ་ཤུགས་འཕུར་མདའི་དམག་དཔུང་། འཐབ་ཇུས་རོགས་སྐྱོར་དམག་དཔུང་བཅས་ཀྱི་ཚབ་བྱས་ཏེ་གཏམ་བཤད། ཁོ་ཚོས་བློ་ཐག་རྦད་ཆོད་སྒོས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་བསླབ་བྱའི་གསུང་བཤད་ལག་བསྟར་བྱེད་པ་དང་། དུས་གང་ཞིག་དང་གནས་ཚུལ་ག་འདྲ་ཞིག་གི་འོག་ཏུ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་བཀོད་འདོམས་ལ་ཉན་པ་དང་། འགན་འཁྲི་དང་འགན་འཁུར་ཡིད་ལ་དམ་པོར་བཅངས་ཤིང་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་དམག་དཔུང་ལ་སྣེ་ཁྲིད་གང་ལེགས་བྱས་ཏེ་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་ངེས་ཡིན་ཞེས་བཤད།

ཚོགས་ཆེན་སྟེང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་གིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མིང་བཀོད་པའི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྐམ་དམག་མགོ་ཁྲིད་ལས་ཁུངས་དང་མེ་ཤུགས་འཕུར་མདའི་དམག་དཔུང་། འཐབ་ཇུས་རོགས་སྐྱོར་དམག་དཔུང་བཅས་འཛུགས་པ་དང་དེ་མིན་དེའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་བསྐོ་འཇོག་བཀའ་ཁྱབ་དང་ཆོད་དོན་སྒྲོག་འདོན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས།

 

ཚོགས་ཆེན་མཇུག་རྫོགས་རྗེས། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྐམ་དམག་དང་མེ་ཤུགས་འཕུར་མདའི་དམག་དཔུང་། འཐབ་ཇུས་རོགས་སྐྱོར་དམག་དཔུང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག 

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།