ལིས་ཁི་ཆང་གིས་ཧྲན་ཞི་ཞིང་ཆེན་ཐེ་ཡོན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

ཟླ་དང་པོའི་ཚེས་ལྔ་ཉིན། ལིས་ཁི་ཆང་ཐེ་ཡོན་རྣོ་ལྕགས་སྡེ་ཚོགས་ལ་ཕེབས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་དང་ཕན་འབྲས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད།

ཟླ་དང་པོའི་ཚེས་ལྔ་ཉིན། ལིས་ཁི་ཆང་ཐེ་ཡོན་རྣོ་ལྕགས་སྡེ་ཚོགས་ལ་ཕེབས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་དང་ཕན་འབྲས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད།

ཟླ་དང་པོའི་ཚེས་ལྔ་ཉིན། ནུབ་རིའི་སོལ་གློག་སྡེ་ཚོགས་གཏེར་ཁ་རུ་ལིས་ཁི་ཆང་གཏེར་བསྐོ་རླངས་འཁོར་ལ་བཞུགས་ཏེ་ཟབ་ཚད་ལ་མུས་བརྒྱ་ཕྲག་འགའ་ཡོད་པའི་གཏེར་བསྐོའི་ཡུལ་དངོས་ལ་ཕེབས་ནས་བྱ་བར་ལྟ་ཞིབ་མཛད།

ཟླ་དང་པོའི་ཚེས་ལྔ་ཉིན། ནུབ་རིའི་སོལ་གློག་སྡེ་ཚོགས་གཏེར་ཁ་རུ་ལིས་ཁི་ཆང་གཏེར་བསྐོ་རླངས་འཁོར་ལ་བཞུགས་ཏེ་ཟབ་ཚད་ལ་མུས་བརྒྱ་ཕྲག་འགའ་ཡོད་པའི་གཏེར་བསྐོའི་ཡུལ་དངོས་ལ་ཕེབས་ནས་བྱ་བར་ལྟ་ཞིབ་མཛད།

ཟླ་དང་པོའི་ཚེས་ལྔ་ཉིན། ལིས་ཁི་ཆང་ཧྲན་ཞིའི་ཚོང་ལས་རིག་གནས་རྟེན་མཛོད་ཁང་དུ་ཕེབས་ཏེ་ཧྲན་ཞིའི་ཚོང་ལས་རིག་གནས་དང་ཧྲན་ཞིའི་ཚོང་བའི་སྙིང་སྟོབས་ལ་རྒྱུས་ལོན་ཟབ་མོ་བྱས།

ཟླ་དང་པོའི་ཚེས་ལྔ་ཉིན། ལིས་ཁི་ཆང་ཧྲན་ཞིའི་ཚོང་ལས་རིག་གནས་རྟེན་མཛོད་ཁང་དུ་ཕེབས་ཏེ་ཧྲན་ཞིའི་ཚོང་ལས་རིག་གནས་དང་ཧྲན་ཞིའི་ཚོང་བའི་སྙིང་སྟོབས་ལ་རྒྱུས་ལོན་ཟབ་མོ་བྱས།

       ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་ཚེས་བཞི་དང་ཚེས་ལྔ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲན་ཞི་ཞིང་ཆེན་ཐེ་ཡོན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

       ལིས་ཁི་ཆང་ཐེ་ཡོན་རྣོ་ལྕགས་སྡེ་ཚོགས་ལ་ཕེབས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་དང་ཕན་འབྲས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ཁོང་གིས་ཁེ་ལས་ཀྱིས་ལས་སྣ་གཙོ་བོ་སྟོབས་ལྡན་དུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཚོང་རའི་དགོས་མཁོ་སྣ་མང་ཅན་དུ་འཕེལ་རྒྱས་སུ་གཏོང་བ་དང་མཐུན་པར་བྱས་ཏེ། སྔར་ལས་མང་པོའི་སྤུས་ལེགས་ཐོན་རྫས་མཁོ་འདོན་བཟང་བོ་བྱེད་པ་དང་སྤུས་ཚད་ཇེ་ཆེ་དང་ཕན་འབྲས་ཇེ་མང་དུ་གཏོང་བའི་བྱ་བ་གང་ལེགས་སྒོས་བསྒྲུབ་དགོས་ཟེར།

       ནུབ་རིའི་སོལ་གློག་སྡེ་ཚོགས་གཏེར་ཁ་རུ་ལིས་ཁི་ཆང་གཏེར་བསྐོ་རླངས་འཁོར་ལ་བཞུགས་ཏེ་ཟབ་ཚད་ལ་མུས་བརྒྱ་ཕྲག་འགའ་ཡོད་པའི་གཏེར་བསྐོའི་ཡུལ་དངོས་ལ་ཕེབས་ནས་བྱ་བར་ལྟ་ཞིབ་མཛད་པ་དང་ཡུལ་དངོས་ན་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བར་གཏམ་གླེང་བྱས་པར་མ་ཟད་ཚང་མས་བདེ་འཇགས་བྱ་བ་གཙོར་འཛིན་དགོས་པ་དང་། རྡོ་སོལ་ལས་རིགས་ནི་ཧྲན་ཞི་ཞིང་ཆེན་གྱི་ཐོན་ལས་གཙོ་བོ་ཡིན་པས། སོལ་གཏེར་ལས་བཟོ་བས་དཀའ་སྤྱད་འབད་བརྩོན་བྱས་ནས་རྒྱལ་ཁབ་འཛུགས་སྐྲུན་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཅེས་གསུངས།

       ལིས་ཁི་ཆང་ཧྲན་ཞིའི་ཚོང་ལས་རིག་གནས་རྟེན་མཛོད་ཁང་དུ་ཕེབས་ཏེ་ཧྲན་ཞིའི་ཚོང་ལས་རིག་གནས་དང་ཧྲན་ཞིའི་ཚོང་བའི་སྙིང་སྟོབས་ལ་རྒྱུས་ལོན་ཟབ་མོ་བྱས། ཁོང་གིས་དེང་སྐབས་དཔལ་འབྱོར་འཕེལ་རྒྱས་ཀྱིས་ཉེན་ཁའི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ཏེ། ཁེ་ལས་བདག་གཉེར་དཀའ་ཁག་ལས་ཐར་དུ་འཇུག་དགོས་པ་དང་བསམ་བློ་རྙིང་བ་དོར་ཏེ་གསར་གཏོད་བགྲོད་ལམ་དུ་སྐྱོད་པ་དང་སྒུལ་ནུས་གསར་བ་འཕེལ་རྒྱས་སུ་གཏོང་དགོས་ཞེས་གསུངས།

       ལིས་ཁི་ཆང་གིས་ཧྲན་ཞི་ཞིང་ཆེན་གྱིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་བྱ་བའི་རྣམ་འགྱུར་བཟང་བོ་བཅངས་ཤིང་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ནས། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཁྲོད་དུ་རིམ་འཕར་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་གསུངས། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།