ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་ནས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་བསྡུས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་བསྡུས། ཚོགས་ཆེན་གྱི་སྔོན་ལ་ཞི་ཅིན་ཕེན་སོགས་ཀྱིས་བྱ་དགའ་ཐོབ་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་བསྡུས། ཚོགས་ཆེན་གྱི་སྔོན་ལ་ཞི་ཅིན་ཕེན་སོགས་ཀྱིས་བྱ་དགའ་ཐོབ་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་བསྡུས་པ་དང་ལིས་ཁི་ཆང་གིས་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་བསྡུས་པ་དང་ལིས་ཁི་ཆང་གིས་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་བསྡུས་པ་དང་ཀྲང་ཀའོ་ལིས་ཀྱིས་ཚོགས་ཆེན་ལ་མགོ་འཛིན་མཛད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་བསྡུས་པ་དང་ཀྲང་ཀའོ་ལིས་ཀྱིས་ཚོགས་ཆེན་ལ་མགོ་འཛིན་མཛད།

          ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་ཆེན་ལ་ཞུགས་པར་མ་ཟད་བྱ་དགའ་ཐོབ་པའི་འཐུས་མི་བྱ་དགའ་གནང་། ལིས་ཁི་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་གསུང་བཤད་གནང་བ་དང་ཀྲང་ཀའོ་ལིས་ཀྱིས་ཚོགས་ཆེན་ལ་མགོ་འཛིན་མཛད།

          ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཚོགས་ཆེན་དངོས་སུ་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཉིས་སྟོང་བཅོ་ལྔ་ལོའི་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ཚན་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་པའི་འཐུས་མི་བྱ་དགའ་གནང་བར་མ་ཟད་ཁོ་ཚོར་ཕྱག་འཇུ་གནང་ཞོར་དུ་རྟེན་འབྲེལ་ཞུས།

          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་བྱ་དགའ་ཐོབ་པའི་འཐུས་མི་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་བླ་མེད་གུས་འདུད་དང་བརྩེ་བའི་འཚམས་འདྲི་གནང་བ་དང་ཀྲུང་གོའི་ཚན་རྩལ་ལས་དོན་ཁྲོད་ཞུགས་པ་དང་རྒྱབ་སྐྱོར་བྱས་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས།

          ལིས་ཁི་ཆང་གིས་གསུངས་རྒྱུར། འདས་པའི་ལོ་གཅིག་ནི་རང་རྒྱལ་གྱིས་དཀའ་ཁག་ཁྱད་སེལ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ནས་གྲུབ་འབྲས་ཆེན་པོ་བླངས་པའི་ལོ་ཞིག་ཡིན་པ་དང་ཚན་རྩལ་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་བཞག་པའི་ལོ་ཞིག་ཡིན། རང་རྒྱལ་གྱི་ཚན་རིག་པ་གང་མང་ཞིག་གིས་རྒྱལ་སྤྱིའི་ཚན་རྩལ་བྱ་དགའ་བླངས་པ་དང་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་བྱ་དགའ་དང་རྒྱལ་ཁབ་ཀྱི་གསར་གཏོད་བྱ་དགའ་སོགས་བྱ་དགའ་གང་མང་བླངས་པའི་ཐུའུ་ཡུག་ཡུག་ནི་རང་རྒྱལ་གྱི་ནོ་པེ་ཨར་བྱ་དགའ་ཐོག་མ་ཐོབ་པའི་ཚན་རིག་པ་ཞིག་ཏུ་གྱུར་ཞིང་ཀྲུང་གོའི་ཚན་རིག་པས་མིའི་རིགས་ཀྱི་ཚན་རིག་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་བཞག དེང་སྐབས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་སྐབས་སུ་བསླེབས་པ་དང་དཔལ་འབྱོར་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་དེ་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། ངེས་པར་དུ་གསར་གཏོད་བྱ་བ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་འཇོག་པ་དང་། གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་བྱ་དགའ་ཐོབ་པའི་འཐུས་མི་རྣམས་མིག་དཔེར་བཟུང་སྟེ་མུ་མཐུད་དུ་བདེན་འཚོལ་དངོས་གཉེར་སྤོབས་པ་ཆེན་པོས་གསར་གཏོད་བྱེད་པའི་ཚན་རིག་སྙིང་སྟོབས་དར་སྤེལ་བྱེད་པ་དང་། མིའི་ཕུགས་འདུན་དེ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ཁྲོད་དུ་མཚོན་པར་བྱེད་དགོས་ལ། སྤྱི་ཚོགས་ཡོངས་ལ་སྣེ་ཁྲིད་བྱས་ཏེ་གསར་གཏོད་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་ཚན་རྩལ་གྱིས་གསར་གཏོད་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས་པར་མ་ཟད་ཧུར་ཐག་སྒོས་དུས་རབས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་སྐྲུན་བྱེད་དགོས་ཟེར།

          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་ཚོགས་ཐོག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅོ་ལྔ་ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས།

          བྱ་དགའ་གནང་བའི་ཚོགས་ཆེན་མ་འཚོགས་པའི་སྔོན་ལ། ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།