རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་པེ་ཅིན་ནས་ཚོགས།

རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་ཚེས་བརྒྱད་ཉིན་པེ་ཅིན་ནས་ཚོགས།

རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་ཚེས་བརྒྱད་ཉིན་པེ་ཅིན་ནས་ཚོགས།

         རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་ཚེས་བརྒྱད་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། འཐབ་ཕྱོགས་གཅིག་གྱུར་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཐེངས་བཞི་བ། ཐེངས་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནངས་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་ནན་མོ་དང་ལག་བསྟར་བྱེད་དགོས་པ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཆེན་མོ་ལྔའི་འདུ་ཤེས་ཆགས་པ་དང་ལག་བསྟར་བྱེད་པར་དམ་པོར་དམིགས་པ་དང་། མགོ་ཚུགས་ས་གསར་བ་ནས་གཅིག་གྱུར་འཐབ་ཕྱོགས་ལས་དོན་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་གསར་སྐྲུན་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ལེན་པའི་དུས་རིམ་ནས་མགོ་བཟང་བོ་དང་། གོམ་པ་དང་པོ་སྤོ་བར་སྟོབས་ཤུགས་དང་རྒྱབ་སྐྱོར་བྱེད་དགོས་ཟེར།

          ཡུས་ཀྲིན་ཧྲིན་གྱིས་འདས་པའི་ལོ་གཅིག་རིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཁས་ལེན་གང་ལེགས་མཛད། ཁོས་ནན་གྱིས་བསྟན་དོན། ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་དང་། འབྲེལ་ཡོད་ཕྱོགས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་དང་གཅིིག་གྱུར་ལས་བྱེད་པས་འགན་ཁུར་ཕོད་པར་བྱས་པ་དང་། གསར་གཏོད་གསར་སྐྲུན་བྱས་པ། དཀའ་སྤྱད་སྡུག་རུས་ཀྱིས་བྱ་བ་སྒྲུབ་ནས་འཐབ་ཕྱོགས་གཅིག་གྱུར་བྱ་བར་གྲུབ་འབྲས་གལ་ཆེན་བླངས་ཏེ་སྤྱི་ཚོགས་ཡོངས་ཀྱིས་གདེང་འཇོག་ཐོབ་པའི་གྲུབ་འབྲས་ཐོབ།

          ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་གསུམ”པས་གཏན་ལ་ཕབ་པའི་ལག་བསྟར་ཞབས་ཞུ་ནི། འཐབ་ཕྱོགས་གཅིག་གྱུར་གྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། གནས་བབ་གསར་བའི་འོག་གི་འཐབ་ཕྱོགས་གཅིག་གྱུར་གྱིས་ནུས་པ་བཏོན་པ་གཅིག་བསྡུས་ཀྱིས་མཚོན་པའང་རེད། རང་སྟེང་གི་ཁྱད་སྟོབས་ལ་རྐང་ཚུགས་ཏེ། དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་སོགས་ཐད་ཀྱི་ནུས་ཁུངས་སྟོབས་ཤུགས་དག་ཐེར་ལེགས་སྒྲིག་བྱེད་དགོས་པ་དང་། ཚན་རིག་ལྟར་དམངས་གཙོ་ཇུས་ཆོད་ཡར་སྐུལ་བྱེད་པ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དུ་ཞུགས་པ། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་ཁེ་ལས་ཀྱི་ཚུལ་བསྒྱུར་རིམ་སྤོར་བྱ་བར་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་བྱ་བར་ཞུགས་པ་སོགས་ཐད་ལ་ནུས་པ་གལ་ཆེན་འདོན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། བྱ་བའི་རྣམ་པའི་མ་ལག་གསར་སྐྲུན་བྱེད་དགོས་པ་དང་། འབྲེལ་གཏུག་འབྲེལ་འདྲིས་བྱ་བར་ཤུགས་བསྣན་ནས། ཁོ་ཚོ་ཚད་ལྡན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཛུགས་སྐྲུན་བྱེད་མཁན་ཞིག་ཏུ་འགྱུར་བར་མཐུན་སྒྲིལ་དམ་པོའི་ངང་སྣེ་ཁྲིད་དགོས་ཟེར།

         ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོས་ནན་ཏན་སྒོས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་ཁུར་བ་དང་པོའི་འགན་འཁྲི་ལག་ལེན་བྱེད་དགོས་པ་དང་། ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་གྱི་མགོ་ཁྲིད་ཆགས་པའི་འོག་ཏུ། འབྲེལ་ཡོད་ཕྱོགས་སོ་སོས་བྱ་བ་བགོ་བྱ་བ་རྒྱག་དགོས་ལ། རོགས་ལས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཆེན་མོའི་རྣམ་པ་ཡང་ཡོད་པར་བྱེད་དགོས་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།