ཞི་ཅིན་ཕེན་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གིས་ལས་སྒོ་སྤེལ་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གིས་ལས་སྒོ་སྤེལ་མགོ་རྩོམ་པའི་མཛད་སྒོ་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་པེ་ཅིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་།

          ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གིས་ལས་སྒོ་སྤེལ་མགོ་རྩོམ་པའི་མཛད་སྒོ་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་པེ་ཅིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་ནས། ཁོངས་ཞུགས་རྒྱལ་ཁབ་སོ་སོས་ལག་རྡང་མཉམ་སྦྲེལ་གྱིས་འབད་བརྩོན་བྱས་པར་བརྟེན་ནས། ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་དེ་ཆེད་ལས། འབྲས་ལེགས། སྤྱོད་གཙང་བཅས་ཀྱི་དུས་རབས་ཉེར་གཅག་པའི་གསར་དར་ཕྱོགས་མང་གསར་སྤེལ་དངུལ་ཁང་དུ་འགྱུར་ངེས་ལ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་པའི་སྟེགས་བུ་གསར་བ་ཞིག་ཏུ་གྱུར་ནས། ཨེ་ཤ་ཡ་གླིང་དང་འཛམ་གླིང་གི་དར་རྒྱས་གོང་འཕེལ་ཐད་བྱས་རྗེས་གསར་བ་འཇོག་ཐུབ་པ་དང་། འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་ལེགས་བཅོས་བྱེད་པར་སྟོབས་ཤུགས་གསར་བ་སྣོན་ཐུབ་ཅེས་ནན་གྱིས་གསུངས།

          ཞི་ཅིན་ཕེན་གྱིས་བསྟན་དོན། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་བར། ཀྲུང་གོས་ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་འཛུགས་པའི་གྲོས་མགོ་བཏོན་པ་དང་། དེ་རིང་ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་གིས་དངོས་སུ་ལས་སྒོ་སྤེལ་མགོ་བརྩམས། དུས་ཚོད་ཐུང་ཐུང་ལོ་གཉིས་ཀྱི་རིང་ལ་ང་ཚོ་མཉམ་དུ་རྒྱུན་ལྡན་མིན་པའི་བརྒྱུད་རིམ་ཞིག་བརྒྱུད་པ་དང་། ཁོངས་ཞུགས་རྒྱལ་ཁབ་སོ་སོས་སྒོ་འབྱེད་བཟོད་སྒོམ་གྱི་མཉམ་ལས་རྣམ་འགྱུར་དང་། འཕེལ་རྒྱས་མཉམ་སྙེག་གི་དོན་དམ་འགུལ་སྐྱོད། ཚད་ལྡན་འབྲས་ལེགས་ཀྱི་ཆེད་ལས་སྙིང་སྟོབས་བཅས་མངོན་པར་བྱས་ཡོད་ཟེར།

          ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་དངོས་སུ་བཙུགས་ནས་ལས་སྒོ་སྤེལ་མགོ་བརྩམས་པ་དེས་ཨེ་ཤ་ཡ་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཐད་མ་དངུལ་གཏོང་ཚད་ཕན་ནུས་ལྡན་པའི་ངང་ཇེ་མཐོར་གཏོང་ཐུབ་པ་དང་། ཁུལ་ཁོངས་མཉམ་འབྲེལ་དང་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ཨེ་ཤ་ཡའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཁོངས་ཞུགས་རྒྱལ་ཁབ་ཀྱི་དངུལ་གཏོང་ཁོར་ཡུག་ལེགས་བཅོས་བྱེད་པར་ཡང་ཕན་པ་ཡོད་ལ། ལས་ཞུགས་ཀྱི་གོ་སྐབས་སྐྲུན་ནས་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་སྦས་ཤུགས་ཇེ་ཆེར་གཏོང་ཐུབ་པ་དང་། ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཐད་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་ཟེར།

          ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་རྒྱལ་སྤྱིའི་འཕེལ་རྒྱས་མ་ལག་ཁྲོད་ཧུར་ཐག་གིས་ཞུགས་མཁན་དང་ཁེ་ཕན་ཐོབ་མཁན་ཡིན་ལ། འཛུགས་སྐྲུན་རང་བཞིན་གྱི་བྱས་རྗེས་འཇོག་མཁན་ཡིན། ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་འཛུགས་པའི་གྲོས་གཞི་བཏོན་པ་ནི། ཀྲུང་གོས་རྒྱལ་སྤྱིའི་ལས་འགན་སྔར་ལས་མང་བོ་ཁུར་བ་དང་། ད་ལྟའི་རྒྱལ་སྤྱིའི་དཔལ་འབྱོར་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱེད་པ། རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་པ་བཅས་ཐད་ཀྱི་འཛུགས་སྐྲུན་རང་བཞིན་གྱི་བྱེད་ཐབས་ཡིན་ལ། དེ་ཕྱོགས་སོ་སོའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་ཕན་པ་ཡོད། ཀྲུང་གོ་ནི་ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་གི་གྲོས་མགོ་འདོན་མཁན་ཡིན་པའི་ཆ་ནས། དངུལ་ཁང་གི་ལས་གཉེར་དང་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

          ཞི་ཅིན་ཕེན་གྱིས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོ་ནི་ཀྲུང་གོས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། ཀྲུང་གོས་དཔལ་འབྱོར་རྒྱུན་སྲིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་དང་ནུས་པ་ཡོད་པ་དང་། ཨེ་ཤ་ཡ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོར་གོ་སྐབས་སྔར་ལས་མང་བོ་དང་བདེ་སྐྱིད་སྔར་ལས་མང་བོ་སྐྲུན་རྒྱུ་ཡིན་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།