ཞི་ཅིན་ཕེན་ཆེད་བཏང་གནམ་གྲུར་བཞུགས་ཏེ་དབྱི་ལང་གི་རྒྱལ་ས་ཏི་ཧེ་ལན་ལ་ཕེབས་ནས་དབྱི་ལང་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་ཉེར་གཉིས་ཉིན་ཆེད་བཏང་གནམ་གྲུར་བཞུགས་ཏེ་དབྱི་ལང་གི་རྒྱལ་ས་ཏི་ཧེ་ལན་ཕེབས་ནས་དབྱི་ལང་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་ཉེར་གཉིས་ཉིན་ཆེད་བཏང་གནམ་གྲུར་བཞུགས་ཏེ་དབྱི་ལང་གི་རྒྱལ་ས་ཏི་ཧེ་ལན་ཕེབས་ནས་དབྱི་ལང་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

 

         ཉིན་དེའི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་བཅུའི་སྟེང་ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་ཏི་ཧེ་ལན་གྱི་མེ་ཧི་ལ་པ་ཏི་གནམ་གྲུ་ཐང་ལ་བབས་རྗེས་དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལེ་ཧྥུའུ་སོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་བྱས་པ་དང་། ཞི་ཅིན་ཕེན་གྱིས་དབྱི་ལང་སྲིད་གཞུང་དང་མི་དམངས་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་རྗེས། ཕྱོགས་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་། དེང་སྐབས་ཀྲུང་གོ་དང་དབྱི་ལང་བར་གྱི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་དང་འཕྲད་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ་བབ་བསྟུན་མདུན་སྐྱོད་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་དངོས་གཉེར་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཀྲུང་གོ་དང་དབྱི་ལང་བར་གྱི་འབྲེལ་བ་དེ་ཁྱོན་ཡོངས་དང་ཡུན་རིང་བ་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། བདག་གིས་དབྱི་ལང་ཕྱོགས་ཀྱི་མགོ་ཁྲིད་པས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཏེ། ཀྲུང་གོ་དང་དབྱི་ལང་བར་གྱི་མཛའ་མཐུན་འགྲོ་འོང་དང་མཉམ་ལས་ཇེ་མང་དུ་འགྲོ་བར་རེ་སྒུག་བྱས་ཡོད་ཟེར།

          ཞི་ཅིན་ཕེན་གྱིས་ཨེ་ཅིབ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་རྗེས་དབྱི་ལང་ལ་ཕེབས་པ་རེད། ཉིན་དེའི་ཕྱི་དྲོར་ཞི་ཅིན་ཕེན་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཨེ་ཅིབ་དང་ཞལ་གྱེས་སྐབས་ཨེ་ཅིབ་རིག་དངོས་པུའུ་ཀྲང་ཏ་མ་ཐུས་སོགས་གནམ་གྲུ་ཐང་ལ་སོང་ནས་སྐྱེལ་མ་བྱས། 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།