ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་བ་རྒྱལ་ཁའི་ངང་གྲོལ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་བའི་ལས་འགན་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་ནས་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་བའི་ལས་འགན་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་ནས་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

          ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཆིན་དང་ལོ་ཁྲའོ་དབྱང་། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན། གཟིམ་ཁང་། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། 

ལོ་ཧོས་ཉིན་དང་ཧའོ་ཕིན། ཝང་ཅན་ཅོན། པད་མ། རྡོ་རྗེ་རབ་བརྟན། ཀྲང་ཀོང་རུང་། མཱ་ཧྲོན་ཆིན། ཀྲང་ཅན་མེན། ཝང་ཞའོ། བསྟན་ཁོ། ལིས་སུང་ཧྲན། ཀྲང་ཞི་མེན། ཝང་ཡུས་པོ། ཧུའུ་ཁྲང་ཧྲིན་བཅས་གནད་དྲངས་པ་ལྟར་ཚོགས་འདུར་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

པའོ་དབྱི་ཀྲི་ཡིས་ཚོགས་འདུ་གྲོལ་བའི་ཚོགས་ཆེན་ལ་མགོ་འཛིན་བྱས།

          ཚོགས་ཆེན་སྟེང་རིམ་པ་བཞིན་སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་རྒྱུན་ལྷན་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་བའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

          ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་བའི་སྐབས་སུ། ཨུ་ཡོན་ཚོས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་མ་ཟད་གྲོས་ཞིབ་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་ཟུར་ཞུགས་བྱས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་འཆར་ཟིན་དང་སྙན་ཞུ་གཞན་པར་ཉན་པ་མ་ཟད་གྲོས་ཞིབ་བྱས། ཨུ་ཡོན་ཚོས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུའི་ཉིས་སྟོང་བཅོ་ལྔ་ལོ་དང་། ལྷག་པར་དུ་འདས་པའི་ལོ་ལྔའི་བྱ་བའི་སྤྱི་སྡོམ་ནི་དངོས་ཐོག་བདེན་འཚོལ་ཡིན་ལ། ལུགས་མཐུན་ཆ་ཚང་ཡིན་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་དང་ཉིས་སྟོང་བཅུ་དྲུག་ལོའི་བྱ་བའི་བཀོད་སྒྲིག་ནི་དངོས་སུ་ལག་བསྟར་བྱེད་ཆོག་པ་དང་བརྩོན་སེམས་ཆེ་རུ་བསྐྱེད་པ་ཞིག་རེད་ཟེར། དེ་དང་མཉམ་དུ་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་འཕེལ་རྒྱས་ཀྱི་འདོད་བློ་དྲག་པོས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་དང་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཏན་འབེབས་དང་ལག་བསྟར་བྱེད་པར་དམ་དུ་དམིགས་ནས། སྲིད་གྲོས་སྲིད་གླེང་གཏིང་ཟབ་ཏུ་སྤེལ་ཞིང་ཐུན་མོང་གི་ལྟ་བ་རྒྱ་བསྐྱེད་ནས་ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་པ་དེས། སྲིད་གྲོས་ཨུ་ཡོན་གྱིས་འཕེལ་རྒྱས་དོ་ཁུར་དང་དམངས་ཚིས་ལ་སེམས་ཁུར། རང་འགན་ཅི་ནུས་ཀྱིས་སྒྲུབ་པའི་ཉམས་མེད་བརྩོན་སེམས་མཚོན་ཡོད་ལ། སྲིད་གྲོས་དེ་དམངས་གཙོའི་གྲོས་མོལ་གྱི་ཐབས་ལམ་གལ་ཆེན་དང་ཆེད་དམིགས་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་ཕན་ནུས་ལྡན་པའི་ངང་བཏོན། གྲོས་ཚོགས་ལ་མགོ་ནས་མཇུག་བར་དུ་འཆམ་མཐུན་དང་དམངས་གཙོ། དངོས་གཉེར། མཐུན་སྒྲིལ་བཅས་ཀྱི་སྣང་ཚུལ་ཟབ་མོ་ལྡན་ཞིང་། དེ་ནི་དམངས་གཙོ་དར་སྤེལ་དང་འདོད་བློ་གཅིག་བསྡུ། འཕེལ་རྒྱས་མཉམ་སྙེག་གི་ཚོགས་ཆེན་ཞིག་ཡིན་པ་དང་། ཡིད་ཆེས་ཆེར་བསྐྱེད་དང་དམངས་སེམས་གཅིག་སྒྲིལ། སྤོབས་པ་ཆེར་བསྐྱེད་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་། ཏང་ཁག་ཚོགས་པ་སོ་སོ། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣ་བཅས་ལ་སྐུལ་སློང་དང་རྩ་འཛུགས་བྱས་ཏེ། ཞིང་ཆེན་ཏང་ཨུས་བཏོན་པའི་དུས་མཉམ་གཅིག་མངོན་འགྱུར་བྱེད་པ་དང་། ཁུལ་གསུམ་ཧུར་ཐག་གིས་སྐྲུན་པ། མཐོ་ས་གཅིག་སྐྲུན་པ་བཅས་ཀྱི་སྤྱིའི་རེ་བ་ལྟར། མཚོ་སྔོན་མུ་མཐུད་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ།

          གྲོས་ཚོགས་ནས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་དུས་རིམ་གྱི་ལོ་དང་བོ་ཡིན་པ་དང་། ད་ལོའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པས། ངེས་པར་དུ་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། སྲིད་གྲོས་བྱ་བ་བཟང་བོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་རང་རྟོགས་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་སེམས་ལ་དམ་དུ་འཛིན་པ། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ། སྔར་ལས་རང་འགུལ་གྱིས་འགན་ནུས་སྣ་ཚོགས་ལག་བསྟར་བཟང་བོ་བྱས་ཏེ། རྒྱུན་ཆད་མེད་པར་སྲིད་གྲོས་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས་ཟེར།

          ཀྲུའུ་ཞི་སྟེགས་བུའི་སྟེང་དུ་བསྡད་ཡོད་པའི་མགོ་ཁྲིད་ལ་ད་དུང་མུའུ་ཏུང་ཧྲིན་དང་སྟག་འབུམ་ཐར། སུའུ་ཉིན། དབང་མོ། ཚའོ་ཝུན་ཧུའུ། ཚའོ་ཧུང་། ཡན་ཅིན་ཧེ། ཁྲིན་ལིས་ཧྭ། ཁོང་ཡུང་། ཀའོ་ཧྭ། ཧན་ཅན་ཧྭ། ཝང་ལིས་མེན། ཏུང་ཁའེ་ཅོན། ཝང་ཞའོ་ཡུང་། དབྱང་ཞུང་ཨེ། ཞའོ་དབྱང་ཀྲུང་། ཚོས་ཁྲང་དབྱིན་སོགས་ཡོད།

བློ་མཐུན་རྒན་པ་ཀྲའོ་ཆི་ཀྲུང་དང་ལིས་ཀྲུང་པའོ་གཉིས་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

 ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།