མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

 ལོ་སར་གྱི་སྔོན་ཏག་ཏག་ལ། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས། གྲོས་ཚོགས་ནས་རྒྱལ་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཅིག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་སྒྲོག་བྱས་ནས། སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་ཐེངས་ལྔ་བའི་སྙན་ཞུར་ཉན་པ་མ་ཟད་གྲོས་ཞིབ་བྱས་ཤིང་། ཉིས་སྟོང་བཅོ་ལྔ་ལོའི་ཞིང་ཆེན་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཕུལ་བྱུང་རྟོག་ཞིབ་མཇུག་འབྲས་དང་དེ་མིན་ཆ་འཕྲིན་བྱ་བའི་སྔོན་ཐོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། འབྲེལ་ཡོད་དོན་དག་གཞན་དག་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ནས། དཀྱིལ་སྙིང་ལ་དམིགས་པ་དང་། ཆེ་ཕྱོགས་ལ་དམིགས་ནས། ཤུགས་ཆེན་པོས་སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་བཏང་བ། གཞི་རིམ་རྩ་འཛུགས་དང་ཁོངས་མིའི་དཔུང་སྡེ་འཛུགས་སྐྲུན་བྱ་བར་ཤུགས་བསྣན་པ། རྒྱུན་ཆད་མེད་པར་བྱ་བའི་སྤྱོད་སྟངས་བསྒྱུར་ཏེ། ཕྱོགས་གང་ཐད་ཀྱི་བྱ་བར་གྲུབ་འབྲས་གསར་བ་བླངས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པར་རྒྱལ་ཁ་ལེན་པའི་གོམ་པ་སྤོ་བའི་ལོ་ཡང་ཡིན་ལ། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་སྐུལ་འདེད་གཏོང་བའི་མཁྲེགས་གཏོར་གྱི་ལོ་ཡང་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་གལ་ཆེན་གྱི་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱས་ནས། གནས་བབ་གསར་བའི་འོག་རང་ཞིང་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་ཤུགས་སྣོན་དགོས་པ་དང་། གསར་སྐྲུན་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཆགས་པར་བྱས་ནས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ལག་བསྟར་བྱེད་པར་མགོ་བཟང་བོ་ཞིག་བརྩམས་ནས་སྔར་ལས་བྱས་རྗེས་གསར་བ་འཇོག་དགོས་ཟེར།                                            

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།