སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་པེ་ཅིན་ནས་གྲོལ།

སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གྲོལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་།

སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གྲོལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་།

          སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བ་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གྲོལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་། ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་མི་འགྱངས་བར་འཚོགས་རྒྱུ་རེད། ཀྲུང་དབྱང་གིས་ཚོགས་ཆེན་བདེ་བླག་ངང་འཚོགས་པར་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཛུབ་སྟོན་གལ་ཆེན་གནང་། ང་ཚོས་ནན་ཏན་སྒོས་སློབ་སྦྱོང་བཟང་བོ་བྱས་ནས། ལག་བསྟར་དངོས་འབེབས་བྱེད་པར་དམ་འཛིན་བྱེད་དགོས་ཟེར།

          ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། གཅིག་ནས་བསམ་བློའི་ངོས་ཟིན་ཀྲུང་དབྱང་གི་དེང་སྐབས་ཀྱི་གནས་ཚུལ་ལ་བརྡར་ཤ་བཅད་པའི་སྟེང་དུ་གཅིག་གྱུར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་དུ་གཅིག་གྱུར་བྱས་ཏེ། གྲོས་ཚོགས་དེ་མཐུན་སྒྲིལ་ཤུགས་འདོན་དང་། བསམ་བློ་གཅིག་གྱུར། ཐུན་མོང་གི་ངོས་ཟིན་གཅིག་ཏུ་གྲུབ་པའི་ཚོགས་ཆེན་ཞིག་ཏུ་བསྡུ་དགོས། གཉིས་ནས་ཀྲུང་དབྱང་གི་ཇུས་ཆེན་བཀོད་སྒྲིག་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པའི་ཁ་ཕྱོགས་བཟང་བོར་དམ་པོར་དམིགས་དགོས་པ་དང་། བཅོས་སྒྱུར་བྱེད་ཐབས་གལ་ཆེན་དང་། སྲིད་ཇུས་གལ་ཆེན་ལག་ལེན་དུ་བསྟར་བའི་གནས་ཚུལ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ཚོད་འཛིན་རང་བཞིན་གྱི་ཚད་གཞི་གལ་ཆེན་སོགས་ལ་དམ་པོར་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་པ། དམངས་གཙོ་ལྟ་ཞིབ་དང་། དམངས་གཙོ་དར་སྤེལ་བྱེད་པ་དང་། འབྲེལ་ཡོད་བྱ་བ་ལེགས་བསྒྱུར་དང་ཤུགས་སྣོན་པར་ཡར་སྐུལ་བྱས་ནས། ཀྲུང་དབྱང་གི་ཇུས་ཆོད་ལག་བསྟར་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས། མཐོ་དྲག་པའི་རེ་བ་མེད་པར་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་ནས་མགོ་འཛིན་པ་དང་། དོན་དངོས་ནས་མགོ་བཟུང་སྟེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་བློ་འདོན་ཇུས་འབུལ་དང་ཤུགས་འདོན་དགོས། བཞི་ནས་ཚོགས་སྲོལ་རྩོམ་སྲོལ་ཅུང་བཟང་བོ་ཞིག་ཆགས་པར་བྱས་ནས། གྲོས་ཚོགས་ཀྱི་ཡིག་ཆ་ཉུང་བསྡུས་དང་དངོས་གཉེར་ཡིན་དགོས་ལ། ཚོགས་ཆེན་ནས་གཏམ་བཤད་པ་དང་། ཚན་ཆུང་ནས་གྲོས་བསྡུར་བྱེད་སྐབས་སྐད་ཆར་གཞི་འཛིན་ས་དང་གནས་ལུགས་ཡོད་དགོས་ལ། གྲོས་གཞིའི་རྒྱུ་སྤུས་ལ་སྔར་ལས་དོ་སྣང་བྱེད་པ། གསར་འགྱུར་དྲིལ་སྒྲོག་མཐུན་སྒྲིལ་དང་བརྟན་འཇགས། དྲང་ཕྱོགས་ནས་དྲིལ་སྒྲོག་བྱེད་པ་སོགས་བརྗོད་གཞི་ཡིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། གྲོས་ཚོགས་ནས་དངོས་གཉེར་ནུས་མཐོ་དང་བདེ་བླག་ངང་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

         གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་དང་། མི་འགྱངས་བར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་གྲོས་ཞིབ་བྱེད་དུ་སྤྲོད་རྩིས་ཡོད་པའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འགན་བསྐོའི་བྱ་བའི་ཚད་གཞི་ལག་བསྟར། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པའི་མིང་ཐོར་གྲོས་འཆམ་བྱུང་། ཚོགས་འདུ་མ་གྲོལ་སྔོན་ལ། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བའི་སློབ་སྦྱོང་འཆད་ཁྲིད་བསྡུས། ཀྲུང་གོ་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་དམིགས་བསལ་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞེ་ཀྲིན་ཧྭ་གདན་དྲངས་པ་ལྟར«གནམ་གཤིས་བདེ་འཇགས་སྲུང་སྐྱོང་བྱས་ནས། སྐྱེ་ཁམས་དཔལ་ཡོན་འགན་སྲུང་བྱེད་དགོས»ཞེས་པའི་འཆད་ཁྲིད་བྱས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།