རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་བརྩམས།

ཟླ3པའི་ཚེས3ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། འདི་ནི་ཡུས་ཀྲིན་ཧྲིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་བྱ་བའི་སྙན་ཞུ་འབུལ་བཞིན་པའི་ཚུལ་རེད།

ཟླ3པའི་ཚེས3ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། འདི་ནི་ཡུས་ཀྲིན་ཧྲིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་བྱ་བའི་སྙན་ཞུ་འབུལ་བཞིན་པའི་ཚུལ་རེད།

          ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་ཚེས་གསུམ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། རྗེས་ཕྱོགས་ཀྱི་ཉིན་བཅུ་ལྷག་གི་རིང་ལ། སྲིད་གྲོས་ཨུ་ཡོན་སྟོང་གཉིས་དང་བརྒྱ་ལྷག་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན་དང་འབྲེལ་ཡོད་སྙན་ཞུ་ལ་དམ་དུ་དམིགས་ནས། འགན་ནུས་ལག་བསྟར་ནན་མོ་དང་བློ་འདོན་ཇུས་འབུལ་གང་ལེགས་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་རྒྱུ་རེད། མི་དམངས་ཚོགས་ཁང་ཆེན་མོའི་ཁྲི་ཤོང་ཚོམས་ཆེན་དུ་དགའ་སྤྲོའི་དཔལ་གྱིས་ཁེངས་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་མཚོན་པའི་སྲིད་གྲོས་ཀྱི་ཚོགས་རྟགས་ཀྲུའུ་ཞི་སྟེགས་བུའི་རྒྱབ་ངོས་སུ་བཀལ་ཡོད་ལ། བཀྲག་མདངས་འཚེར་བའི་དར་དམར་བཅུས་དེའི་ལོགས་གཉིས་བརྒྱན་ཡོད།

          རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་། ཧན་ཆི་ཏི། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ལིན་ཝུན་དབྱི། ལོ་ཧྥུའུ་ཧི། ཧི་ཧུ་ཧྭ། ཀྲང་ཆིན་ལིས། ལིས་ཧེ་ཧྥིན། ཁྲིན་ཡོན། ལུའུ་ཀྲན་ཀུང་། ཀྲིག་ཞའོ་ཁྲོན། ཝང་ཅ་རོས། ཝང་ཀྲིན་ཝེ། མཱ་པེའོ། ཆི་ཞུའུ་ཁྲུན། ཁྲིན་ཞའོ་ཀོང་། མཱ་ཕེ་ཧྭ། ལིག་ཞའོ་ཧྥིན། ཝང་ཆིན་མེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་། ལིས་ཁི་ཆང་། ཀྲང་ཏི་ཅང་། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་དུ་བཞུགས་ནས། ཚོགས་ཆེན་ཚོགས་པར་རྟེན་འབྲེལ་ཞུས།

          རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་དགོས་པའི་ཨུ་ཡོན་སྟོང་གཉིས་དང་ཉིས་བརྒྱ་བཅུ་བཞི་ཡོད་པ་དང་། མི་སྟོང་གཉིས་དང་བརྒྱ་དང་སོ་དྲུག་ཚོགས་ཐོག་ཏུ་ཐོན་པས། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན། ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། ཏུའུ་ཆིན་ལིན་གྱིས་ཚོགས་ཆེན་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་། ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས། ཚོགས་ཆེན་སྟེང་ཐོག་མར་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་གྲོས་རིམ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཡུས་ཀྲིན་ཧྲིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་བྱ་བའི་སྙན་ཞུ་ཕུལ།

          ཡུས་ཀྲིན་ཧྲིན་གྱིས་ཕྱོགས་བརྒྱད་ནས་འདས་པའི་ལོ་གཅིག་གི་མི་དམངས་སྲིད་གྲོས་ཀྱི་བྱ་བ་སྤྱི་སྡོམ་མཛད། ཁོང་གིས་གསུངས་རྒྱུར། ཉིས་སྟོང་བཅོ་ལྔ་ལོ་ནི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱས་པའི་གནད་འགག་གི་ལོ་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མགོ་རྩོམ་པའི་ལོ་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་ལས་དོན་གསར་སྤེལ་ཡར་བརྩོན་དང་གསར་གཏོད་གོང་འཕེལ་བཏང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། ལོ་གཅིག་གི་རིང་ལ་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་སྲིད་གྲོས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་མི་དམངས་སྲིད་གྲོས་ལ་ཆབ་སྲིད་དང་བསམ་བློ། རྩ་འཛུགས་བཅས་ཀྱི་ཐད་ནས་མགོ་ཁྲིད་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་གྲོས་ཚོགས་སྲིད་གྲོས་ཀྱི་ལས་དོན་ལ་ཐེངས་མང་བོར་ཞིབ་འཇུག་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོ་འཛུགས་སྤེལ་བྱེད་ཤུགས་ཇེ་ཆེར་གཏོང་བའི་བསམ་འཆར་དང་། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྤེལ་བྱེད་ཤུགས་ཇེ་ཆེར་གཏོང་བའི་ལག་བསྟར་བསམ་འཆར་དངོས་སུ་བཏོན་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གྲོས་ཚོགས་བསྡུས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག་ཁྱབ་སྒྲོག་ལག་བསྟར་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ལས་དོན་གོང་འཕེལ་དུ་གཏོང་བར་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་། ཀྲུང་གུང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག་སྲིད་གྲོས་རྒྱལ་ཡོངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ནས། མི་དམངས་སྲིད་གྲོས་སུ་ཞུགས་པའི་ཏང་ཁག་དང་ཚོགས་པ་ཁག མི་རིགས་ཁག ལས་རིགས་ཁག་གི་མི་སྣར་ཡོངས་ཁྱབ་ཏུ་མཐུན་སྒྲིལ་བྱས་ཏེ། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མཐུན་སྒྲིལ་དང་དམངས་གཙོ་བྱ་བའི་བརྗོད་གཞི་གཙོ་བོ་གཉིས་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་འགན་ནུས་ལེགས་འགྲུབ་ནན་མོ་དང་། ལས་དོན་གསར་གཏོད་ལ་སྐུལ་སྤེལ། རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེར་གཏོང་བཅས་བྱས་པས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་འཕེལ་རྒྱས་གསར་བ་བྱུང་བ་དང་རྣམ་པ་གསར་བ་བཏོད་ཟེར།

          ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཉིས་སྟོང་བཅུ་དྲུག་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་དུས་སྐབས་མགོ་ཚུགས་པའི་ལོ་ཡིན་ལ། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་མཁྲེགས་གཏོར་ལོ་ཡང་ཡིན། མི་དམངས་སྲིད་གྲོས་བྱ་བའི་སྤྱིའི་རེ་བ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་གི་རེ་བ་ལྟར། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་དང་དངོས་འབེབས་བྱེད་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱས་ནས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་གཙོར་བཟུང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བའི་ནང་དོན་གལ་ཆེན་དུ་འཇོག་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པར་དམིགས་ཏེ་བློ་འདོན་ཇུས་འབུལ་བྱེད་པ་དེ་བྱ་བའི་བརྗོད་དོན་གལ་ཆེན་དུ་བཞག་སྟེ། གནད་དོན་ཁ་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་ཞན་ཆའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ། གྲོས་མོལ་སྲིད་གླེང་གི་ཕན་འབྲས་ཇེ་མཐོར་གཏོང་བ། དམངས་གཙོའི་ལྟ་རྟོག་འགན་ནུས་ཇེ་ཆེར་གཏོང་བ། མཐུན་སྒྲིལ་མཉམ་འབྲེལ་མཛའ་བཤེས་བྱ་བ་བཟང་བོར་བསྒྲུབ་པ། ཞིབ་བཤེར་ཞིབ་འཇུག་ཆུ་ཚད་ཇེ་མཐོར་བཏང་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བཟང་བོ་བྱེད་པར་བྱས་རྗེས་ཆེན་པོ་འཇོག་རྒྱུ་དེ་རེད།

          ཉིས་སྟོང་བཅུ་དྲུག་ལོའི་བྱ་བའི་བཀོད་སྒྲིག་སྐོར་གླེང་སྐབས། ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་ཚུགས་པ་དང་འབྲེལ་ནས་བློ་འདོན་ཇུས་འབུལ་བྱེད་དགོས། དམངས་གཙོའི་ལྟ་རྟོག་ཕན་འབྲས་སྔར་ལས་ཇེ་མཐོར་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་བྱ་བ་བསྒྲུབ་དགོས་ལ། ཞིབ་བཤེར་ཞིབ་འཇུག་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་དགོས་པར་མ་ཟད་རང་སྟེང་གི་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་དགོས་ཟེར།

          ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་འཐབ་ཇུས་གཅིག་གྱུར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག་དེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་གཏོང་བའི་ཁྱོན་ཡོངས་གཞིར་བཟུང་བ་དང་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་གནད་དོན་གལ་ཆེན་རབ་དང་རིམ་པར་དབྱེ་ཞིབ་དང་ཚན་རིག་དང་མཐུན་པར་ལན་བཏབ་ཡོད་ལ། དེ་ནི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གོང་འཕེལ་དུ་གཏོང་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། མི་དམངས་སྲིད་གྲོས་དེ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན་པའི་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་ཏེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བཟང་བོ་བྱེད་དགོས་ལ། འབྲེལ་བར་མཐུན་སྦྱོར་དང་སེམས་ཁམས་ལེགས་བཅོས། ཐུན་མོང་གི་ལྟ་ཚུལ་ལ་ཡར་སྐུལ་བྱེད་པ། མཐུན་སྒྲིལ་ལ་ཤུགས་སྣོན་པ་བཅས་ཀྱི་བྱ་བ་ནན་ཏན་སྒོས་བསྒྲུབ་ནས། ཧུར་ཐག་སྒོས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་གང་ཡོད་འདོན་དགོས་ཟེར།

          སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཞའོ་ཀོང་གིས་ཚོགས་ཆེན་སྟེང་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་གནས་ཚུལ་སྙན་ཞུ་ཕུལ། སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་སུ་ཞུགས་པའི་ལས་ཁུངས་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བཟོ་བར་དམ་དུ་དམིགས་ནས། གྲོས་གཞི་བཏོན་ཏེ་འགན་ནུས་ལག་བསྟར་ནན་མོ་བྱས་པ་དང་། བསྡོམས་པས་གྲོས་གཞི་སྟོང་དྲུག་དང་བཅུ་གཉིས་བཏོན། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་སྟོང་ལྔ་དང་ཉེར་བདུན་ཐོ་ཁོངས་སུ་བཀོད། ཉིས་སྟོང་བཅུ་དྲུག་ལོའི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། གྲོས་གཞི་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་ལྔ་ལ་བསྒྲུབས་ལན་བསློགས་ཡོད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་བཅས་གདན་དྲངས་པ་ལྟར་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པས་གྲོས་ཚོགས་ལ་ཟུར་ཉན་བྱས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།