ཀྲང་ཏི་ཅང་ཙམ་པུ་ཡ་ནས་ཚོགས་པའི་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་གྱི་ཚོགས་ཆེན་སྐབས་བརྒྱ་དང་སོ་བཞི་པར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། ཀྲང་ཏི་ཅང་ཙམ་པུ་ཡའི་རྒྱལ་ས་ལུའུ་ས་ཁ་ནས་ཚོགས་པའི་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་གྱི་ཚོགས་ཆེན་སྐབས་བརྒྱ་དང་སོ་བཞི་པར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། ཀྲང་ཏི་ཅང་ཙམ་པུ་ཡའི་རྒྱལ་ས་ལུའུ་ས་ཁ་ནས་ཚོགས་པའི་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་གྱི་ཚོགས་ཆེན་སྐབས་བརྒྱ་དང་སོ་བཞི་པར་ཞུགས་པར་མ་ཟད་གསུང་བཤད་གནང་།

       རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་གྱི་ཀྲུའུ་ཞི་ཆོ་ཏུའུ་ལེ་ཡིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཙམ་པུ་ཡའི་རྒྱལ་ས་ལུའུ་ས་ཁ་ནས་ཚོགས་པའི་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་གྱི་ཚོགས་ཆེན་སྐབས་བརྒྱ་དང་སོ་བཞི་པར་ཞུགས་པར་མ་ཟད་གསུང་བཤད་གནང་།

       ཚེས་བཅུ་དགུ་ཉིན་གྱི་དགོང་མོར་ཀྲང་ཏི་ཅང་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་རྒྱལ་ཁབ་བརྒྱ་དང་སུམ་ཅུ་ལྷག་ནས་ཡོང་བའི་འཐུས་མི་དྲུག་བརྒྱ་དང་བདུན་ཅུ་ཚོགས་ཆེན་ལ་ཞུགས།

       ཚེས་ཉི་ཤུ་ཉིན། ཀྲང་ཏི་ཅང་གིས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་སྟེང་ཁ་ཡིག་ལ་མཉམ་ལས་ལ་མཉམ་དུ་གྲོས་མོལ་དང་དམངས་གཙོ་ལ་མཉམ་དུ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་མཉམ་དུ་ཇུས་འགོད་བྱེད་དགོས་ཞེས་པའི་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཀྲུང་གོའི་འགྱུར་བ་མེད་པའི་རེ་སྙེག་ཡིན། ལོ་མང་པོའི་རིང་ལ། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། མི་དམངས་ཀྱི་གཙོ་གཞིའི་གོ་གནས་རྒྱུན་འཁྱོངས་བྱས་པ་དང་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་པར་མ་ཟད། ཕྱི་རྒྱལ་གྱི་ཆབ་སྲིད་དཔལ་ཡོན་གྱི་ཕན་ཡོད་གྲུབ་འབྲས་དཔྱད་གཞིར་བཟུང་སྟེ་ཀྲུང་གོའི་གནས་ཚུལ་དང་མཐུན་པའི་ཆབ་སྲིད་ཀྱི་འཕེལ་རྒྱས་བགྲོད་ལམ་ཞིག་རྙེད་པ་དང་ཁྱད་ཆོས་ལྡན་པའི་ཆབ་སྲིད་ལམ་ལུགས་མ་ལག་ཞིག་ཆགས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་ཀྱིས་དམངས་གཙོ་ལག་ལེན་སྣ་མང་ཅན་ལ་གསོན་ཤུགས་ལྡན་པ་དང་ལེགས་འགྲུབ་བྱུང་བའི་དཔེ་མཚོན་ཞིག་འདོན་སྤྲོད་བྱས་ཟེར།

       ཚེས་ཉེར་གཅིག་ཉིན། ཀྲང་ཏི་ཅང་ཚོགས་ཆེན་ལ་ཞུགས་པའི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གྲོས་ཁང་གི་མགོ་ཁྲིད་པ་ཁ་ཤས་ཀྱིས་བསྡུས་པའི་ཞོགས་ཟས་གསོལ་སྟོན་ལ་ཞུགས་པར་མ་ཟད། ཀྲུང་གོས་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁ་ཤས་ཀྱི་ཁོངས་མིའི་ཟབ་སྦྱོང་འཛིན་གྲྭ་བསྒྲུབ་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གྲོས་ཁང་གི་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན། 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།