ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལ་ཀི་ནས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལ་ཀི་ནས་ཅེ་ཁིའི་ཙུང་ཐུང་ཙི་མན་ལ་མཇལ་འཕྲད་གནང་།

          མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཅེ་ཁི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་ལྷག་གི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་དང་མཉམ་ལས་ལ་ནམ་ཡང་འགྱུར་བ་མེད། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་ཇེ་མང་དུ་སོང་ཞིང་དངོས་གཉེར་མཉམ་ལས་མུ་མཐུད་དུ་ཇེ་ཆེར་སོང་བ་དང་། མི་གཞུང་བརྗེ་རེས་སྔར་ལས་ཇེ་མང་དུ་སོང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་སྟེང་ཆེས་མགྱོགས་ཤིང་གྲུབ་འབྲས་ཆེས་མང་པོའི་དུས་སྐབས་སུ་སླེབས། ཉིས་སྟོང་བཅོ་ལྔ་ལོར་ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་གཞུང་བར་དུ་བཟོད་སྒོམ་བརྗེད་ཐོ་བཀོད་ནས་རྨང་གཞི་བརྟན་པོ་བཏིངས། མགོ་ཚུགས་ས་གསར་བ་ནས་ལངས་ཏེ་སྔར་སྲོལ་རྒྱུན་མཐུད་དང་མ་འོངས་པ་གསར་གཏོད་བྱེད་པ་དང་། ཀྲུང་གོ་དང་ཅེ་ཁིའི་མཛའ་མཐུན་འབྲེལ་བ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ལ་གསོན་ཤུགས་གསར་བ་རྒྱས་སུ་འཇུག་དགོས་ཟེར།

          ཙི་མན་གྱིས་བཤད་རྒྱུར། ཅེ་ཁི་དང་ཁོ་རང་ཉིད་ཀྱིས་ཀྲུང་གོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཅེ་ཁི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་རྒྱུ་དེ་ཐོག་མའི་ཁ་ཕྱོགས་སུ་བཟུང་སྟེ་དེང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ད་ཐེངས་འཚམས་འདྲི་བྱེད་པ་དེས་ཅེ་ཁི་དང་ཀྲུང་གོའི་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་མཉམ་ལས་ཐད་ལ་གོ་སྐབས་གསར་བ་འདོན་སྤྲོད་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།