རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལའེ་ཀི་ནས་ཅེ་ཁིའི་ཙུང་ཐུང་ཙི་མན་དང་གྲོས་མོལ་མཛད།

ཉིན་དེའི་དུས་ཚོད་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལའེ་ཀི་ནས་ཅེ་ཁིའི་ཙུང་ཐུང་ཙི་མན་དང་གྲོས་མོལ་མཛད།

ཉིན་དེའི་དུས་ཚོད་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལའེ་ཀི་ནས་ཅེ་ཁིའི་ཙུང་ཐུང་ཙི་མན་དང་གྲོས་མོལ་མཛད།

ས་དེའི་དུས་ཚོད་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལའེ་ཀི་ནས་ཅེ་ཁིའི་ཙུང་ཐུང་ཙི་མན་དང་གྲོས་མོལ་མཛད།

ས་དེའི་དུས་ཚོད་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལའེ་ཀི་ནས་ཅེ་ཁིའི་ཙུང་ཐུང་ཙི་མན་དང་གྲོས་མོལ་མཛད།

          ས་དེའི་དུས་ཚོད་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལའེ་ཀི་ནས་ཅེ་ཁིའི་ཙུང་ཐུང་ཙི་མན་དང་གྲོས་མོལ་མཛད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་གདེང་འཇོག་ཚད་མཐོན་པོ་གནང་བ་མ་ཟད། ཀྲུང་གོ་དང་ཅེ་ཁི་བར་གྱི་འབྲེལ་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་དང་དེ་མིན་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་བར་གྱི་གནད་དོན་ཐད་ལ་བསམ་འཆར་བརྗེ་རེས་མཛད་པ་དང་ཐུན་མོང་གི་ལྟ་ཚུལ་བྱུང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཅེ་ཁི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་དུ་བཏང་ནས། ཀྲུང་གོ་དང་ཅེ་ཁི་བར་གྱི་འབྲེལ་བའི་ཐད་ལ་ཡང་བསྐྱར་གྲུབ་འབྲས་གསར་བ་ལེན་དགོས་པའི་ཐད་བལྟ་ཚུལ་གཅིག་མཐུན་བྱུང་།

         ཞི་ཅིན་ཕེན་གྱིས་བསྟན་དོན། ཅེ་ཁི་ནི་ཆེས་སྔ་མོ་ནས་ཀྲུང་གོ་གསར་བ་བཙུགས་པ་ནས་བཟུང་སྟེ་རྒྱལ་ཁབ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ནང་གི་གཅིག་ཡིན་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཡུན་རིང་ཞིང་། དེང་སྐབས་ཀྲུང་གོ་དང་ཅེ་ཁི་བར་གྱི་འབྲེལ་བ་དེ་སྟོན་གཞུག་གི་འབྲས་བུ་ལེན་པའི་དུས་སུ་སླེབས་པ་ལྟ་བུ་ཡིན་པས། འཕེལ་རྒྱས་ཀྱི་གནས་བབ་དེ་བཟང་ཞིང་། ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་འབྲེལ་བ་ཟབ་ཅིང་། དཔལ་འབྱོར་ཉོ་ཚོང་སོགས་ཁུལ་ཁོངས་མཉམ་ལས་དར་རྒྱས་ཆེན་པོ་བྱུང་ཡོད་ཟེར། ཀྲུང་གོ་ཕྱོགས་ཀྱིས་ཅེ་ཁི་དང་མཉམ་དུ་ཀྲུང་གོ་དང་ཅེ་ཁི་བར་གྱི་ཐོབ་དཀའ་བའི་འབྲེལ་བ་དེ་གཙིགས་འཛིན་བྱས་ནས། ཀྲུང་གོ་དང་ཅེ་ཁི་བར་གྱི་སྲོལ་རྒྱུན་གྱི་མཛའ་བཤེས་ཇེ་བརྟན་དུ་གཏོང་བ། ཕྱོགས་གཉིས་ཀྱི་ཆབ་སྲིད་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བར་སྔར་ལས་གྲུབ་འབྲས་གསར་བ་བླངས་ཏེ། ཀྲུང་གོ་དང་ཅེ་ཁི་བར་གྱི་མཛའ་མཐུན་ལས་དོན་དེ་མུ་མཐུད་དུ་རྒྱུན་འཛིན་བྱེད་འདོད་ཡོད་ཟེར།

         ཙི་མན་གྱིས་བསྟན་དོན། ཅེ་ཁི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་སྲོལ་རྒྱུན་མཛའ་བཤེས་གཏིང་ཟབ་པས། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་འཕེལ་རྒྱས་མགྱོགས་ཤིང་མྱུར། ཀྲུང་གོས་ཡོ་རོབ་གླིང་མནའ་མཐུན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གྲོགས་པོར་གྱུར་ཡོེད། ཅེ་ཁི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཕན་ཚུན་བར་ཡིད་ཆེས་དང་གཉིས་ཕན་མཉམ་ལས་གཏིང་ཟབ་དུ་སྤེལ་ནས། མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་མཉམ་དུ་མཉམ་ལས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་པ་མ་ཟད། ཀྲུང་གོ་དང་མཉམ་དུ་ཡོ་རོབ་གླིང་མནའ་མཐུན་དུ་ཞུགས་པ་དང་འགྲིམ་འགྲུལ། དངོས་སྐྱེལ། དངུལ་རྩའི་རྩ་གནད་དུ་འགྱུར་བར་ཤུགས་སྣོན་འདོད་ཡོད་ཟེར།

         རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཐུན་མོང་གི་ལྟ་ཚུལ་མང་བོར་མིང་བཀོད་དེ། ཀྲུང་གོ་དང་ཅེ་ཁི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཐག་བཅད་པ་མ་ཟད། ཐུན་མོང་གི་ཁེ་ཕན་འཚོལ་བ་དང་སྔར་ལས་རིམ་པ་མཐོ་བའི་མཉམ་ལས་འབྲེལ་བ་སྤེལ་རྒྱུ་ཐག་བཅད།

         གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་ལས་གསལ་སྒྲོག་སྤེལ་བ་མ་ཟད། གློག་རྡུལ་ཚོང་དོན་དང་། དངུལ་གཏོང་། ཚན་རྩལ། གནས་སྐོར། རིག་གནས། མཁའ་འགྲུལ་སོགས་ཁུལ་ཁོངས་ཕྱོགས་གཉིས་བར་གྱི་མཉམ་ལས་སྤེལ་བའི་ཡིག་ཆར་མིང་བཀོད། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།