ལིག་ཡུན་ཧྲན་གྱིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་ཉེར་དགུ་ཉིན་པེ་ཅིན་ནས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་ཉེར་དགུ་ཉིན་པེ་ཅིན་ནས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་གཞོན་པ་མེས· ཨུན་ཧི་པོ་ལའེ་ཏི་ཡིས་ཁྲིད་པའི་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

          ལིག་ཡུན་ཧྲན་གྱིས་གསུང་རྒྱུར། ཀྲུང་གོ་དང་མོང་གོལ་བར་གྱི་འབྲེལ་བ་དེས་ཉེ་བའི་ལོ་འགའི་རིང་ལ་འཕེལ་རྒྱས་ཀྱི་རྣམ་པ་ཅུང་བཟང་བོ་སྲུང་འཛིན་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་བར་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས། མི་གཞུང་བརྗེ་རེས་བྱ་བ་རྒྱུན་ཆད་མེད་པར་གཏིང་ཟབ་དུ་བཏང་། ཅུང་མ་འགོར་བའི་སྔོན་ལ་གྲོལ་བའི་ཀྲུང་གོ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་སྣེ་ཁྲིད་དེ། མ་འོངས་བའི་ལོ་ལྔའི་རིང་གི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་འཆར་འགོད་དང་བཀོད་སྒྲིག་ཞིབ་མོ་བྱས་ཡོད། ཀྲུང་གོས་ནམ་ཡིན་ཡང་སྒོ་འབྱེད་དང་། མཉམ་ལས། མཉམ་རྒྱལ་བཅས་ཀྱི་འཕེལ་རྒྱས་བྱ་བ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གོ་སྐབས་བཟང་བོ་སྐྲུན་ངེས་ཡིན་ཟེར། ཀྲུང་གོ་གུང་ཁྲན་ཏང་གིས་མོང་གོལ་མི་དམངས་ཏང་དང་མཉམ་དུ། ཏང་གཉིས་ཀྱིས་ཏང་བཙུགས་ནས་ལོ་འཁོར་གོ་ལྔ་ལོན་པ་གོ་སྐབས་སུ་བརྩིས་ཏེ། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཏང་བཅོས་སྐྱོང་བྱས་པའི་ཉམས་མྱོང་བརྗེ་རེས་བྱ་བ་གཏིང་ཟབ་དུ་སྤེལ་བ། ཁུལ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་བྱ་བར་ཡར་སྐུལ་བྱས་ནས། ཀྲུང་གོ་དང་མོང་གོལ་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

         ཨུན་ཧི་པོ་ལའེ་ཏི་ཡིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་དང་མོང་གོལ་མི་དམངས་ཏང་གིས་ཐོག་མཐའ་བར་གསུམ་དུ་ཅུང་བཟང་བོའི་འབྲེལ་བ་སྲུང་འཛིན་བྱས་ནས། ཀྲུང་གུང་སྲིད་འཛིན་འདུ་ཤེས་ཀྱིས་མོང་གོལ་མི་དམངས་ཏང་ལ་བློ་སྒོ་གལ་ཆེན་ཕྱེས་ཡོད་ཟེར། ཀྲུང་གོའི“ལོ་ལྔའི་འཆར་གཞི་བཅུ་གསུམ་པས”མོང་གོལ་དང་ཀྲུང་གོ་བར་གྱི་མཉམ་ལས་ལ་གོ་སྐབས་བཟང་བོ་སྐྲུན་ཡོད་པས། ཕྱོགས་གཉིས་ཀྱིས་ཏང་ཕན་ཚུན་བར་བརྗེ་རེས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། མོང་གོལ་དང་ཀྲུང་གོའི་ཁུལ་ཁོངས་མཉམ་ལས་གཏིང་ཟབ་དུ་སྤེལ་དགོས་པའི་རེ་བ་བཏོན། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།