ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ལི་སོ་པའོ་ཐི་ཁ་ལ་མཇལ་འཕྲད་གནང་།

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལ་ཀི་ནས་ཅེ་ཁིའི་ཙུང་ལི་སོ་པའོ་ཐི་ཁ་ལ་མཇལ་འཕྲད་གནང་།

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལ་ཀི་ནས་ཅེ་ཁིའི་ཙུང་ལི་སོ་པའོ་ཐི་ཁ་ལ་མཇལ་འཕྲད་གནང་། 

          མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཅེ་ཁི་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་འབྲེལ་བ་ཧ་ཅང་བཟང་། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་ཇེ་མང་དུ་སོང་ཞིང་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་སོང་བ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་སྐྱེད་ཅིང་མི་གཞུང་བརྗེ་རེས་སྔར་ལས་ཇེ་མང་དུ་སོང་། བདག་གིས་ད་ཐེངས་འཚམས་འདྲི་བྱེད་པའི་སྐབས་སུ་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཅེ་ཁིའི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་གཏོང་རྒྱུར་འཐད་པ་བྱུང་ཟེར།

          ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཅེ་ཁི་ཕྱོགས་གཉིས་ཀྱིས་ན་ནིང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མིང་བཀོད་པའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་བཟོད་སྒོམ་བརྗེད་ཐོ་གོ་སྐབས་སུ་བཟུང་སྟེ། ཕན་ཚུན་བར་གྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་ཁྱབ་ཁོངས་གཙོ་བོའི་མཉམ་ལས་དང་ལས་གཞི་གཏན་འཁེལ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཅེ་ཁི་ཕྱོགས་དང་མཉམ་དུ་མྱུར་བགྲོད་ལྕགས་ལམ་དང་ལམ་ཟམ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྱབ་ཁོངས་ནས་མཉམ་ལས་བཟང་བོ་བྱེད་པར་གྲོས་བསྡུར་བྱེད་འདོད་ཡོད་པར་མ་ཟད། རིག་གནས་དང་སློབ་གསོ། ལུས་རྩལ། གནས་སྐོར། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་ས་གནས་བར་གྱི་བརྗེ་རེས་ཇེ་མང་དུ་བཏང་ནས། ཀྲུང་གོ་དང་ཅེ་ཁི་བར་གྱི་མི་གཞུང་བརྗེ་རེས་སྔར་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

          སོ་པའོ་ཐི་ཁ་ཡིས་བཤད་རྒྱུར། ཅེ་ཁི་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་དང་མཁའ་སྐྱོད། དངུལ་ལོར། ནུས་ཁུངས། སྨན་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན། ཅེ་ཁི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད། འཕྲོད་བསྟེན་སྨན་བཅོས་དང་དངུལ་གཏོང་། ས་གནས་མཉམ་ལས་སོགས་ཁྱབ་ཁོངས་སུ་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།