ཞི་ཅིན་ཕེན་གྱིས་ཅེ་ཁིའི་དམངས་གྲོས་ཁང་གི་ཀྲུའུ་ཞི་ཧ་མ་ཆེ་ཁི་ལ་མཇལ་འཕྲད་གནང་།

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལ་ཀི་ནས་ཅེ་ཁིའི་དམངས་གྲོས་ཁང་གི་ཀྲུའུ་ཞི་ཧ་མ་ཆེ་ཁི་ལ་མཇལ་འཕྲད་གནང་།

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལ་ཀི་ནས་ཅེ་ཁིའི་དམངས་གྲོས་ཁང་གི་ཀྲུའུ་ཞི་ཧ་མ་ཆེ་ཁི་ལ་མཇལ་འཕྲད་གནང་། 

          མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་ཅེ་ཁིའི་དམངས་གྲོས་ཁང་གིས་རྒྱལ་ཁབ་རང་རང་གི་ཆབ་སྲིད་འཚོ་བའི་ཁྲོད་དུ་ནུས་པ་ཆེན་པོ་འདོན་བཞིན་ཡོད། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་སྣོན་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་དང་ཡིད་ཆེས་ཇེ་བརྟན་དུ་འགྲོ་བར་ཕན་པ་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རྒྱལ་སྐྱོང་སྲིད་འཛིན་དང་ཁྲིམས་འཛུགས་ལྟ་རྟོག་སོགས་ཕྱོགས་ཀྱི་བརྗེ་རེས་དང་གྲོས་མོལ་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བར་བློ་འདོན་ཇུས་འབུལ་བྱེད་པ་དང་དྲང་ཕྱོགས་ཀྱི་ནུས་ཚད་ཆེན་པོ་འདོན་དགོས་ཟེར།

          ཧ་མ་ཆེ་ཁི་ཡིས་བཤད་རྒྱུར། ཅེ་ཁི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་གྱི་གྲོས་གཞི་བཏོན་པར་གདེང་འཇོག་ཆེན་པོ་གནང་བཞིན་ཡོད་པ་དང་། དེའི་སྤྱི་ཁོག་ནང་དུ་ཧུར་ཐག་སྒོས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཁྲོད་དུ་ཞུགས་པར་མ་ཟད་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཅེ་ཁིའི་དམངས་གྲོས་ཁང་གིས་ཀྲུང་གོའི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། ཅེ་ཁི་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་རྒྱ་བསྐྱེད་པར་ནུས་ཤུགས་གང་ཡོད་འདོན་འདོད་ཡོད་ཟེར། 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།