ལིས་ཁི་ཆང་གིས་ཁྲལ་དོན་སྤྱི་ཁྱབ་ཅུའུ་དང་ནོར་སྲིད་པུའུ་ཡི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

ཟླ་བཞི་བའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་བདག་གཉེར་དཔྱ་ཁྲལ་འཕར་སྣོན་དཔྱ་ཁྲལ་དུ་སྒྱུར་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ཐད་ནས་ཁྲལ་དོན་སྤྱི་ཁྱབ་ཅུའུ་དང་ནོར་སྲིད་པུའུ་ལ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

ཟླ་བཞི་བའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་བདག་གཉེར་དཔྱ་ཁྲལ་འཕར་སྣོན་དཔྱ་ཁྲལ་དུ་སྒྱུར་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ཐད་ནས་ཁྲལ་དོན་སྤྱི་ཁྱབ་ཅུའུ་དང་ནོར་སྲིད་པུའུ་ལ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

       ཟླ་བཞི་བའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཁྲལ་དོན་སྤྱི་ཁྱབ་ཅུའུ་དང་ནོར་སྲིད་པུའུ་ལ་ཕེབས་ཏེ་བདག་གཉེར་དཔྱ་ཁྲལ་དེ་ཁྱོན་ཡོངས་ནས་འཕར་སྣོན་དཔྱ་ཁྲལ་དུ་བསྒྱུར་བའི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

       ཁྲལ་དོན་སྤྱི་ཁྱབ་ཅུའུ་ནས་ལིས་ཁི་ཆང་གིས་བདག་གཉེར་དཔྱ་ཁྲལ་དེ་འཕར་སྣོན་དཔྱད་ཁྲལ་དུ་སྒྱུར་བའི་གྲ་སྒྲིག་འཕེལ་རིམ་དང་ཁྲལ་བསྡུ་དོ་དམ་མ་ལག་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་པར་མ་ཟད་གཞི་རིམ་ཁྲལ་དོན་ལས་བྱེད་པར་བརྙན་རིས་བརྒྱུད་ནས་བསམ་འཆར་བརྗེ་རེས་བྱས། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུའུ་ནས་ལིས་ཁི་ཆང་གིས་གསུང་རྒྱུར། བདག་གཉེར་དཔྱ་ཁྲལ་དེ་འཕར་སྣོན་དཔྱ་ཁྲལ་དུ་བསྒྱུར་བ་ནི་ད་ལོར་ནོར་སྲིད་སྲིད་ཇུས་ཐད་ནས་ཕན་འབྲས་བཟང་བོ་ཐོབ་པ་དང་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་དང་ལྷག་པར་དུ་མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བྱ་བ་གཙོ་བོ་ཡིན་པ་དང་བྱ་བ་དེ་བཟང་བོར་བསྒྲུབ་ན་དངོས་ཕུང་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་འགྲོ་ཐུབ་ངེས་ཟེར།

       བཞུགས་མོལ་ཚོགས་འདུའི་སྟེང་ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་འགན་འཁུར་བས་བྱ་བ་ཡར་ཞུ་བྱས་པ་དང་། སྡོད་ཁང་འཛུགས་སྐྲུན་པུའུ་དང་འགྲིམ་འགྲུལ་པུའུ། མི་དམངས་དངུལ་ཁང་། རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་། དངུལ་ཁང་ལྟ་རྟོག་ཚོགས་པ་བཅས་ཀྱི་འགན་འཁུར་བས་གཏམ་བཤད། ལིས་ཁི་ཆང་གིས་ནོར་སྲིད་ཁྲལ་དོན་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་བདག་གཉེར་དཔྱ་ཁྲལ་དེ་འཕར་སྣོན་དཔྱ་ཁྲལ་དུ་བསྒྱུར་བར་བྱས་རྗེས་བཞག་པར་གདེང་འཇོག་ཆེན་པོ་གནང་། ཁོང་གིས་གསུངས་རྒྱུར། བདག་གཉེར་དཔྱ་ཁྲལ་དེ་ཁྱོན་ཡོངས་ནས་འཕར་སྣོན་དཔྱ་ཁྲལ་དུ་བསྒྱུར་བ་ནི་ཕྱོགས་ཡོངས་ལ་སྣེ་ཁྲིད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་བྱེད་ཐབས་གཅིག་ལ་ཕན་འབྲས་སྣ་མང་ཐོབ་པའི་སྲིད་ཇུས་ཀྱི་ནུས་པ་ལྡན་ཏེ། གཅིག་ནས་ཚད་མཐོན་པོའི་སྒོ་ནས་ཁེ་ལས་ཀྱི་ཁྲལ་འཇལ་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ། གཉིས་ནས་དཔལ་འབྱོར་གྱི་ཚུལ་བསྒྱུར་རིམ་སྤོར་ལ་སྟོབས་དང་ལྡན་པའི་ནུས་པ་འདོན་ཐུབ། གསུམ་ནས་འདྲ་མཉམ་དང་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་གསར་སྐྲུན་བྱེད་ཐུབ་ཟེར། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།