ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

ཟླ་བཞི་བའི་ཚེས་ལྔ་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

       ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་ལྔ་ཉིན་གྱི་སྔ་དྲོར་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱེད་པར་བརྟེན་དགོས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་དུས་སྐབས་ཡིན་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དུས་སྐབས་གལ་ཆེན་ཞིག་ཀྱང་ཡིན། ནགས་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ནང་དོན་གལ་ཆེན་ཡིན་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་འོས་འགན་སྡོང་འཛུགས་ཁྲོད་དུ་ཞུགས་པ་དང་། སྔོན་རབས་པས་སྡོང་འཛུགས་བྱས་ཏེ་རྗེས་རབས་པར་བདེ་སྐྱིད་སྐྲུན་པའི་སྙིང་སྟོབས་དར་སྤེལ་བྱས་ནས། སྡོང་བོ་མང་པོ་འཛུགས་པ་དང་སྤུས་ལེགས་སྡོང་བོ་འཛུགས་པ། སྡོང་བོར་དོ་དམ་བཟང་བོ་བྱས་ནས། རི་ལུང་ཐམས་ཅད་སྔོ་ལྗང་དུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སྒྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།

       ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་མཉམ་དུ་རླངས་འཁོར་ལ་བསྡད་དེ་པེ་ཅིན་གྲོང་ཁྱེར་ཏ་ཞིན་ཆུའུ་ཞི་ཧོང་མིན་གྲོང་བརྡལ་གྱི་སྡོང་འཛུགས་བྱེད་སར་ཕེབས་ནས་སྡོང་བོ་འཛུགས་མགོ་བརྩམས་པ་དང་། པེ་ཅིན་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་ཅུའུ་ཡི་འགན་འཁུར་བློ་མཐུན། དེ་མིན་རྒྱལ་སའི་ལས་བྱེད་པ་དང་མང་ཚོགས། དང་བླངས་མཁན། ན་ཆུང་གདོང་ལེན་རུ་ཁག་བཅས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་ལྷན་དུ་སྡོང་བོ་འཛུགས་པ་དང་ཆུ་གཏོང་བའི་ལས་ལ་ཞུགས།

       སྡོང་བོ་འཛུགས་སྐབས། ཞི་ཅིན་ཕེན་གྱིས་སྡོང་འཛུགས་བྱ་འགུལ་ཁྲོད་དུ་ཞུགས་པའི་ལས་བྱེད་པ་དང་མང་ཚོགས་རྣམས་དང་མཉམ་དུ་ནགས་སྐྲུན་ལྗང་སྒྱུར་བྱ་བའི་སྐོར་གླེང་། ཁོང་གིས་གསུངས་རྒྱུར། ལྗང་མདོག་ཁྱིམ་གཞི་འཛུགས་སྐྲུན་བྱེད་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན། ང་ཚོས་རྒྱལ་ཁོངས་ལྗང་སྒྱུར་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སོགས་སྣ་མང་མཉམ་ལས་རྐྱེན་སྲོལ་བརྒྱུད་དེ་ནགས་སྐྲུན་ལྗང་སྒྱུར་བྱེད་པ་དང་མཉམ་དུ་ཁོར་ཡུག་ལེགས་བཅོས་བྱེད་དགོས་པར་མ་ཟད། ཧུར་ཐག་སྒོས་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་སྐྱེ་ཁམས་འགྲན་རྩོད་ལ་ཁ་གཏད་ནས། འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།

       པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་སོགས་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།